Jump to content

གསར་སྔགས་ཀྱི་ལམ་

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ལ་མདོ་སྔགས་གཉིས་ཡོད་པའི་ནང་ནས་གསང་སྔགས་ཀྱི་ལམ་སྟེ་། སྣོད་དུ་མི་རུང་བ་ལ་གསང་དགོས་པ་དང་། གསང་ཞིང་སྦས་པས་འགྲུབ་པའི་ལམ་ཡིན་པས་གསང་ད་དང་། ཡིད་སྐྱོབ་པ་ཞེས་རང་གི་སེམས་ཐ་མལ་གྱི་སྣང་ཞེན་གཉིས་ནས་སྐྱོབ་པར་བྱེད་པའི་ནུས་པ་ལྡན་པས་ན་སྔགས་ཞེས་བརྗོད་པ་ཡིན་ཅིང་། ཐོག་མར་ལམ་ཐུན་མོང་བ་མདོ་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཚུལ་ནད་བྱང་ཆུབ་ཀྱི་སེམས་བར་དུ་རྟོགས་པ་དངོས་སུ་སྐྱེས་པའམ་མ་ཐའང་མྱོང་བ་སྣེ་ཟིན་ཙམ་སྐྱེས་པ་ཞིག་བྱུང་རྗེས་གཞི་ནས་གསང་སྔགས་ཀྱི་ལམ་ལ་བཞུགས་དགོས་པའི་གོ་རིམ་ངེས་པ་ཅན་ཡིན་། ཞིབ་པར་བཀའ་གདམས་ཀྱི་བླ་མ་གོང་མ་ཚོས་མཛད་པའི་《ལམ་སྒྲོན་འགྲེལ་པ་》དང་《བསྟན་རིམ་ཆེ་ཆུང་》རྫེ་ཙོང་ཁ་པ་སོགས་གྲུབ་མཐའ་རིམ་མེད་ཀྱི་བླ་མ་དམ་ཚོས་མཛད་པའི་《ལམ་རིམ་》དང་《སྔགས་རིམ་》བཅས་ཀྱི་ནང་དུ་གསལ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།