Jump to content

གསང་སྔགས་གསར་རྙིང་

ཡོང་ཁུངས་Wikipedia

དུས་རབས་བདུན་པའི་དཀྱིལ་དུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་རྒྱ་གར་གྱི་སླར་དཔོན་ཀུ་ས་ར་དང་བྲམ་ཟེའི་སློབ་དཔོན་ཤར་ཀ་ར་། བལ་པོའི་སློབ་དཔོན་ཤི་ལ་མཉྫུ་སོགས་བོད་དུ་གདན་དྲངས་ནས་གསང་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཞིང་། དེ་རྗེས་དུས་རབས་བརྒྱད་པའི་དཀྱིལ་དུས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྟར་བཙན་སྐབས་། རྒྱ་གར་གྱི་སློབ་དཔོན་པདྨ་སམ་བྷ་ཝ་དང་། སྔགས་འཆང་ངྷརྨ་ཀིརྟི་། པཎ་ཆེན་བི་མ་ལ་མི་ཏྲ་སོགས་མང་པོ་བོད་དུ་གདན་དྲངས་ནས་གསང་སྔགས་ཀྱི་ཆོས་མང་པོ་དར་སྤེགམབཏང་བ་ནས་། དུས་རབས་བཅུ་པའི་མཇུག་བར་བོད་དུ་དར་བའི་གསང་སྔགས་ཀྱི་ཆོས་ལ་གསང་སྔགས་རྙིང་མ་(དེའི་སྐོར་གོང་དུ་གསང་སྔགས་རྙིང་མ་ཞེས་པར་གསར་)ཟེརམཞིང་། དེ་རྗེས་སུ་དུས་རབས་བཅུ་གཅིག་པའི་འགོར་བོད་དུ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་སྐབས་མངའ་རིས་ལོ་ཙཱ་བརིན་ཆེན་བཟང་པོ་དང་། མར་པ་ལོ་ཙཱ་བ་རཆོས་ཀྱི་བློ་གྲོས་། རྟ་ནག་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་སོགས་ཀྱིས་བསྒྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་གསར་མ་ཟེར་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།