Jump to content

གསང་སྔགས་གསར་མ་

ཡོང་ཁུངས་Wikipedia

མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མ་བྱུང་བས་། གསང་སྔགས་ཀྱི་སྒོ་ནས་བཞག་པ་ཡིན་། དེ་ལ་ཡང་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་མཁས་པ་མང་ཆེ་བའི་གསུང་རྒྱུན་ལ་། པཎཌ་ཏ་སྨྲི་ཛྙ་ན་བྱོན་པ་ཡན་ཆན་དུ་བསྒྱུར་བིའ་གསང་སྔགས་ཀྱི་རྒྱུད་སྣམས་ལ་རྙོང་མ་དང་། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་ཡན་ཆན་དུ་བསྒྱུར་བའི་རྒྱུད་རྣམས་ལ་གསང་སྔགས་གསར་མ་ཟེར་མ་ཡིན་ཞེས་གསུང་ཤིང་། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ལས་ངེས་བཟུང་ནི་མིན་ཏེ་། ལོ་ཙཱ་བ་རིན་ཆེནབཟང་པོའི་གོང་དུ་བསྒྱུར་བའ་འཇམ་དཔལ་རྩ་རྒྱུད་སོགས་རྙིང་རྒྱུད་མ་ཡིན་པ་ཡང་ཡོད་ལ་། དེ་བཞིན་དུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་གསང་སྔགས་གསར་མའི་འགྱུར་འགོ་ཚུགས་ཞེས་པ་ཡང་མཚོན་ཙམ་ཡིན་གྱི་ངེས་བཟུང་མིན་ཏེ་། སྐབས་དེར་དུས་ཐོག་ཕལ་ཆེར་མཉམ་པའི་འབྲོག་མི་དང་། རྟ་ནག་འགོས་ལོ་ཙཱ་བ་དང་། ལྷོ་བྲག་མར་པ་ལོ་ཙཱ་བ་རྣམས་ནས་བསྒྱུར་ཅིང་བཤད་པའི་ཆོས་བརྒྱུད་རྣམས་ཀྱང་གསང་སྔགས་རྙིང་མ་ཡིན་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།