གསང་འདུས་ཡེ་ཤེས་ཞབས་
མཐོང་རིས་
རྒྱ་གར་གྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེད་སྲོལ་ལྟར་དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་ལྷ་བཅུ་པ་སྟེ་གཙོ་བ་ཡུམ་བཅས་སྐུ་མདོག་དམར་སེར་ཞལ་གསུམ་ཕྱག་དྲུག་པ་དབུས་སུ་བྱས་པའི་རིགས་ལྔ་ཡུམ་བཞི་། རྡོ་རྗེ་མ་དྲུག་། ཁྲོ་བ་བཞི་བཅས་བཅུ་དགུ་《དཀྱིལ་ཆོག་ནོར་བུའི་ཕྲེང་བ་》ལས་གསལ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།