གསང་འདུས་འཇམ་རྡོད་
མཐོང་རིས་
སློབ་དཔོན་སངས་རྒྱས་ཡེ་ཤེས་ནས་བརྒྱུས་པའི་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ་ཡོད་པ་སྟེ་། དབུས་སུ་འཇམ་དཔལ་རྡོ་རྗེ་ཡབ་ཡུམ་། ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནབ་ཏུ་འོད་དཔག་མེད་། བྱང་དུ་དོན་གྲུབ་། ཤར་ལྷོར་སྤྱན་མ་། ལྷོ་ནུབ་ཏུ་མཱ་མ་ཀཱི་། ནུབ་བྱང་དུ་གོས་དཀར་མོ་། བྱང་ཤར་དུ་སྒྲོལ་མ་། རིམ་་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་། ནུབ་བྱང་དུ་དྲི་རྗེ་མ་། བྱང་ཤར་དུ་རྡོ་རྗེ་མ་། ཤར་སྒོའི་གཡོན་དུ་རེག་བྱ་རྡོ་རྗེ་མ་། གཡས་སུ་ཆོས་དབྱེངས་རྡོ་རྗེ་མ་། ཤར་སྒོར་གཤིན་རྗེ་གཤེད་། ལྷོ་སྒོར་ཤེས་རབ་མཐར་བྱེད་། ནུབ་སྒོར་པདྨ་མཐར་བྱེད་། བྱང་སྒོར་བགེགས་མཐར་བྱེད་བཅས་ནི་རྗེ་བཙུན་འཇམ་དཔལ་དབྱངས་གཙོ་བོར་བཞུགས་པའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཏེ་ཞིབ་པར་《དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་》ནང་གསལ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།