གསང་གསུམ་གྱི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བ་
མཐོང་རིས་
རང་གི་བླ་མའམ་དེ་མིན་སྐྱེས་ཆེན་དམ་པ་སྐུ་གཤེགས་པ་ལ་ཞེ་ས་བྱེད་ཚེ་། གསང་གསུམ་གྱི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བ་ཞེས་སོགས་བརྗོད་སྲོལ་ཡོད་། གོ་དོན་ནོ་། དེ་འདྲའི་བླ་མ་སོགས་ཕྱིའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ནི་་ཆོས་སྐུའི་ངང་ནས་སྤྲུལ་པའི་རྣམ་པར་བསྟན་པའི་བཀོད་པ་ཡིན་ལ་། སྐུ་གཤེགས་པ་དེ་ནི་སྤྲུལ་པའི་བཀོད་པ་དེ་ཆོས་སྐུའི་ངང་དུ་ཕར་བསྡུས་པའམ་ཐིབ་པ་ལྟ་བུ་ཡིན་ཞེས་བརྗོད་པ་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།