གཡུ་རྒྱལ་
མཐོང་རིས་
གཡུ་རྒྱལ་ནི་སྨུག་པོ་གདོང་གི་རྒྱལ་རྒྱུད་ཆོས་འཕེན་ནག་པོའི་ཆུང་རྒྱད་སྤྱང་གཟའི་སྲས་སྤྱང་བུ་དགྲ་རྒྱལ་འབུམ་མེའི་ཡང་ཚ་ཏེ་སྲས་ཆོས་ལ་འབུམ་དང་སྒ་བཟའི་སྲས་སུ་འཁྲུངས་བ་གྲགས། ཁོང་ནི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཡབ་གཅིག་ཡུམ་མ་གཅིག་པའི་སྤུན་མཆེད་ཡིན་པ་༼འཁྲུངས་གླིང་མེ་ཏོག་ར་བ་༽ལས་གསལ། ཁོང་ཧོར་གླིང་འཁྲུགས་པའི་སྐབས་སུ་ཧོར་ལ་ཤོར་བ་སྐད།