གཡག་རྭ་ལུང་པ།

ཡོང་ཁུངས་Wikipedia

གཡག་རྭ་ལུང་པ་ཞེས་པ་ས་མིང་སྟེ། ཤར་དར་རྩེ་མདོ་ལ་ལྟག་སྒོ་གསུམ་ཞེས་བརྗོད་སྲོལ་ཡོད་པའི་ཡ་གྱལ་གཡག་རྭ་ལྟག་སྒོའི་ཕྱོགས་ཀྱི་ལུང་པ་དོག་ལ་རིང་བ་ཞིག་གོ ལུང་རྒྱུད་དེ་རུ་རྒྱ་བོད་འདྲེས་པའི་མི་སེར་དཀྱུས་མ་སྡོད་ཀྱི་ཡོད། ལུང་པ་དེད་ནས་ཡར་སོང་ན་དཔལ་ལྷ་སྒང་ལ་སླེབ། ལུང་པ་ནས་མར་ཁ་ལྷོ་ལ་གཏད་པའི་ཆུ་བོ་ཞིག་འབབ་ཀྱི་ཡོད་པ་མཐར་རྒྱལ་མོ་རྔུལ་ཆུར་འདྲེས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཡང་ལུང་པ་དེ་རུ་ཆགས་ཡོད་