གཟབ་བརླིང་རོལ་མོ

ཡོང་ཁུངས་Wikipedia

གཟབ་བརླིང་རོལ་མོ་ཞེས་པ་ནི་ཀུན་ཁྱབ་རོལ་མོ་ལ་ལྟོས་ཏེ་བཤད་པའི་བརྗོད་གཞི་དང་ནང་དོན་གཟབ་ནན་ཆེ་བ་དང་། སྒྱུ་རྩལ་གྱི་རྣམ་པ་ངེས་སྲོལ་ལྡན་པའི་སློབ་གསོ་དང་མཛེས་དཔྱོད་ཀྱི་དོན་སྙིང་ངེས་ཅན་ལྡན་པའི་རོལ་མོ་ལ་ཟེར།

རོལ་མོའི་སྐོར། གཟབ་བརླིང་རོལ་མོ་ཞེས་པ་ནི་ཀུན་ཁྱབ་རོལ་མོ་ལ་ལྟོས་ཏེ་བཤད་པའི་བརྗོད་གཞི་དང་ནང་དོན་གཟབ་ནན་ཆེ་བ་དང་། སྒྱུ་རྩལ་གྱི་རྣམ་པ་ངེས་སྲོལ་ལྡན་པའི་སློབ་གསོ་དང་མཛེས་དཔྱོད་ཀྱི་དོན་སྙིང་ངེས་ཅན་ལྡན་པའི་རོལ་མོ་ལ་ཟེར། གཟབ་བརླིང་རོལ་མོའི་བརྗོད་བྱ་རྒྱ་ཆེན་པོ་ཡོད་ལ་ཟབ་ཡངས་ཀྱི་བརྗོད་གཞི་མཚོན་ཐུབ་པ་རེད། དཔེར་ནL.vanཔེ་ཏུའོ་ཧྥུན་གྱི《མཉམ་དཀྲོལ་རོལ་དབྱངས་ལྔ་པ》ཞེས་པས“ལས་ཀྱིས་སྒོ་རྡུང་བ”ཞེས་པའི་ཐོག་ནས་མི་ཚེའི་གནས་ལུགས་ནས་སྟོན་པ་དང་། W.Aམོ་ཀྲ་ཐི་ཡི་གླུ་དབྱངས་ཟློས་གར《ཧྥེ་ཅ་ལོའི་བག་སྟོན》ཞེས་པས་མངོན་སུམ་གྱི་བརྗོད་གཞིའི་ཐོག་ནས་བཀས་བཀོད་རྒྱུད་འཛིན་གྱི་འདུ་ཤེས་ལ་ངོ་རྒོལ་བྱེད་པ། རོལ་སྨོན་རིང་ལུགས་ཀྱི་རོལ་མོ་བF.F ཞོ་པིན་གྱིས《“གསར་བརྗེའི”སྦྱོང་ཚན་རོལ་དབྱངས》ལས་དྲག་ཏུ་འབར་བའི་རྒྱལ་གཅེས་ཀྱི་ལྷག་བསམ་མཚོན་ཡོད་པ་ལྷ་བུ་སོགས་ཡིན། བརྗོད་གཞི་དེ་དག་གིས་གོ་དོན་ཕུན་སུམ་ཚོགས་པ་དང་། བརྗོད་གཞི་གཏིང་ཟབ་པའི་རོག་མོའི་མཛད་ཆོས་ཕུལ་བྱུང་ཅན་གྲུབ་ཡོད་པ་ནི་གཟབ་བརླིང་རོལ་མོའི་གྲུབ་ཆ་གལ་ཆེན་པོ་ཡིན།