གཙོས་ཤོག་པ་བཞི་

ཡོང་ཁུངས་Wikipedia

གཙོས་ཤོག་པ་ནི་བསང་ཆུ་རྫོང་གི་ཤར་རྒྱུད་གཙོས་གྲོང་ཁྱེར་དང་སྣ་བུག་ཞང་ཁག་གི་ཁོངས་སུ་གནས་ཤིང་། ཤར་མཛོད་དགེ་ཤོག་པ་ལྔ་དང་། ཤར་ལྷོ་ཅོ་ནེ་དང་རྡོ་དཀར། ལྷོ་ནུབ་འབོ་ར་དང་ཙ་ཡུས། བྱང་དུ་ཁ་གྱ་བཅས་དང་ས་མཚམས་འདྲེས། ཡུལ་འདིར་ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་ནས་བོད་མི་འཚོ་ཞིང་གནས་མོད། མང་ཤས་ནི་རྔོག་དང་རེབ་གོང་། ཀླུ་ཤོད། འབོ་ར། ཅོ་ནེ། རོང་བོ་བཅས་ནས་སྤོས་འོང་བ་ཡིན། ཧ་ལམ་དུས་རབས་བཅུ་པའི་མགོ་ཙམ་ལ་ཁ་གྱ་ཚོ་དྲུག་གི་ནང་ཚན། ཀླུ་རྒྱལ་བྱམས་འདིར་སླེབས་ཤིང་ས་བཟུང་བས་ཚོ་བ་དྲུག་ཏུ་གྱེས། རིམ་བཞིན་འཕེལ་ཏེ་གཙོས་ཚོ་བ་ཉི་ཤུ་རྩ་གཅིག་ཏུ་གྱུར་ལ། ཚོ་བ་ཉེར་གཅིག་ནི། དཔོན་སྐོར། སྟག་ལྷ། མགོན་པོ། རིན་ཆེན། རིན་ཆེན་རྒྱ་མཚོ། ཨ་ལ་འབྲིང་བ། ཁ་གྱ། འབོ། མི་ནགས་ཁམས། ཤེས་ར། སྒ། ལོ་རབས། ཨེ་ན་སི། འབྲོག་པ། ཁྱི་ཁག དོམ་ར། ཁྱ་ར་སྒང་། ཆུ་བུར། རྒྱལ། བཱ་རྣམས་སོ། །ཁྲི་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་རྒྱལ་མཚན་སེང་གེའི་སྐུ་རིང་ནས་གཙོས་ཚོ་བ་ཉེར་གཅིག་གི་ལུགས་གཉིས་ཀྱི་དབང་ཆ་མཐའ་དག་གཙོས་དགོན་པར་གཏོགས་སོ། །