Jump to content

གཙུག་གཏོར་གསང་བའི་མདོ་

ཡོང་ཁུངས་Wikipedia

ཞང་ཞུང་སྐད་དུ། སི་ཏྲ་བི་ཏྲ་ཡ། གཡུང་དྲུང་བོན་གྱི་སྐད་དུ་ན། ཨ་དཀར་སུ་རྣི་ཡ། བོད་སྐད་དུ། ཡེ་གཤེན་བོན་ཉིད་ངང་ལས་བྱུང་བའི་གཙུག་ཏོར་འདི། གཙུག་ཏོར་གསང་བ་ལས་བྱུང་བའི་མདོ་ཞེས་བྱ་བ་སྟེ། བརྩོན་འགྲུས་ཅན་གྱིས་འདོན་པར་བྱའོ།། གཡུང་དྲུང་ལྷའི་སྐད་དུ་ན།། ཏི་སངས་མུ་མིན་འོད་ཁྱབ་ཀུན་ལ་ཁྱབ།། སྟག་གཟིག་སྐད་དུ།། འོད་ལམ་ལམ་འོད་འཕྲོས་འཕྲོས་འོད་ཡལ་ཡལ་ཞེས་བྱ་སྟེ།། བོན་ཉིད་མི་འགྱུར་གཡུང་དྲུང་ཆེ་ལ་ཕྱག་འཚལ་ལོ།། བོན་ཉིད་མི་འགྱུར་ཡེ་ཤེས་ཆེ་ལ་ཕྱག་འཚལ་ལོ།། བོན་ཉིད་མི་འགྱུར་ནམ་མཁའ་ཆེ་ལ་ཕྱག་འཚལ་ལོ།། ཡེ་ནས་མ་བཅོས་བོན་ཉིད་ཀྱི་ཀློང་ལ་ཕྱག་འཚལ་ལོ།། ཡེ་གཤེན་མི་ཁྱབ་ལ་ཕྱག་འཚལ་ལོ།། ཡེ་གཤེན་ཀློང་ཁྱབ་ལ་ཕྱག་འཚལ་ལོ།། ཡེ་གཤེན་ཀློང་ཡངས་ལ་ཕྱག་འཚལ་ལོ།། ཡེ་གཤེན་ཀློང་གྲུབ་ཕྱག་འཚལ་ལོ།། ཡེ་གཤེན་བྱམས་པ་ལ་ཕྱག་འཚལ་ལོ།། ཡེ་གཤེན་བཅུ་ལ་ཕྱག་འཚལ་ལོ།། ཡེ་གཤེན་བརྒྱ་ལ་ཕྱག་འཚལ་ལོ།། ཡེ་གཤེན་སྟོང་ལ་ཕྱག་འཚལ་ལོ།། ཡེ་གཤེན་ཁྲི་ལ་ཕྱག་འཚལ་ལོ།། ཡེ་གཤེན་འབུམ་ལ་ཕྱག་འཚལ་ལོ།། ཡེ་གཤེན་བྱེ་བ་ལ་ཕྱག་འཚལ་ལོ།། ཡེ་གཤེན་དུང་ཕྱུར་ལ་ཕྱག་འཚལ་ལོ།། ཡེ་གཤེན་གྲངས་མེད་པ་ལ་ཕྱག་འཚལ་ལོ།། བོན་ཉིད་གསང་བ་ལས་བྱུང་བའི་གདུགས་དཀར་མོ་ཅན་འདི། གཞན་གྱིས་མི་ཐུབ་པ་ཆེན་མོ། གཞན་ཡང་ཕྱིར་ཟློག་མ་ཆེན་མོ། ཡེ་གེ་ཨ་ཆེན་འབར་བའི་ཀློང་དཀྱིལ་ནས། འཇིགས་མ་ཆེན་མོ་ཁྲོ་གཉེར་ཅན། དབུ་སྟོང་མ་ཆེན་མོ། ཕྱག་བྱེ་བ་ཕྲག་བརྒྱ་མ་ཆེན་མོ། ཞབས་འཁོར་ལོ་བརྒྱ་མ་ཆེན་མོ། ཤེལ་གྱི་འཕྲེང་བའི་དོ་ཤལ་ཅན། དུང་གི་པྲོག་ཞུའི་དབུ་རྒྱན་ཅན། རིག་སྔགས་འཆང་བའི་བདག་མོ་སྟེ། ཡི་གེ་ཨ་ཆེན་འབར་བའི་ཀློང་ཆེན་མོ། ཁྱེད་ཀྱིས་བདག་སོགས་ལ་བསྲུང་དུ་གསོལ། བསྐྱབ་དུ་གསོལ། བདག་དང་རིགས་དྲུག་སེམས་ཅན་ཐམས་ཅད་ནི། དུ་མ་ཡིན་པར་འཆི་བའི་འཇིགས་པའམ། དུག་མཚོན་གྱི་འཇིགས་པའམ། དུག་སྣ་ཚོགས་ཀྱི་འཇིགས་པའམ། དུག་སྟོང་གི་འཇིགས་པའམ། མུ་གེའི་འཇིགས་པའམ། མཚོན་གྱི་འཇིགས་པའམ། རྒྱལ་པོའི་ཆད་པའི་འཇིགས་པའམ། དུག་ཚེར་དུག་གི་འཇིགས་པའམ། དུག་སེང་གེའི་འཇིགས་པའམ། དུག་སྟག་ཝེར་དུག་གི་འཇིགས་པའམ། བཙན་དུག་ཧ་ལའི་འཇིགས་པའམ། བཙན་དུག་རླུང་འབྲུམ་གྱི་འཇིགས་པའམ། བཙན་དུག་ཀུན་ཏུ་སྦྱར་པའི་འཇིགས་པའམ། བཙན་དུག་ཀུན་ཏུ་ཁྱབ་པའི་འཇིགས་པའམ། ས་གཡོ་བའི་འཇིགས་པའམ། ཆུ་འཁྲུགས་པའི་འཇིགས་པའམ། མེ་འབར་བའི་འཇིགས་པའམ། རླུང་འཕྱོ་བའི་འཇིགས་པའམ། ནད་ཀྱི་བསྐལ་བའི་འཇིགས་པའམ། རིམས་ནད་བྱུང་བའི་འཇིགས་པའམ། རིམས་ནད་དྲག་པོའི་འཇིགས་པའམ། རིམས་ནད་འཕྱོ་བའི་འཇིགས་པའམ། སྐར་མདའ་ལྷུང་བའི་འཇིགས་པའམ། གཅན་གཟན་ཁྲོས་པའི་འཇིགས་པའམ། གངས་ཀྱི་སེང་གེའི་འཇིགས་པའམ། སྟག་གཟིག་གི་འཇིགས་པའམ། ཐོག་གི་འཇིགས་པའམ། ཆུ་སྲིན་གྱི་འཇིགས་པའམ། གཅན་གཟན་སྣ་ཚོགས་ཀྱི་འཇིགས་པའམ། འཇིགས་པ་དེ་དག་ལ་སོགས་པའི། མི་བདེ་བ་ཐམས་ཅད་ནི་རིགས་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། འཇིགས་མ་ཆེན་མོས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ལྷ་ཆེན་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། སྲིང་མོ་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ལྷ་ཆེན་ལྔས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ཏིང་ངེ་འཛིན་གྱི་དབྱིངས་ཀྱི་ཡུམ་ལྔས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ཏིང་ངེ་འཛིན་གྱི་འོད་ལྔས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ཏིང་ངེ་འཛིན་གྱི་དབྱིངས་ཀྱི་ལྷ་མོ་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། འཇིག་རྟེན་གྱི་ལྷ་ལྔས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། སྔ་རབས་འདས་པས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ད་ལྟར་བཞུགས་པས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། སླད་ནས་འབྱོན་པས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། དྲག་པོའི་གདོན་ཐམས་ཅད་ནི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ། ཨཱོྃ་ཀ་དུར་པ་གྲུབ་ཤ་ཕཊཿ ཁ་དུར་པ་གྲུབ་ཤ་ཕཊཿ ག་དུར་པ་གྲུབ་ཤ་ཕཊཿ ང་དུར་པ་གྲུབ་ཤ་ཕཊ ཿ ཅ་དུར་པ་གྲུབ་ཤ་ཕཊཿ ཆ་དུར་པ་གྲུབ་ཤ་ཕཊ ཿ ཇ་དུར་པ་གྲུབ་ཤ་ཕཊ ཿ ཉ་དུར་པ་གྲུབ་ཤ་ཕཊཿ ཏ་དུར་པ་གྲུབ་ཤ་ཕཊ ཿ ཐ་དུར་པ་གྲུབ་ཤ་ཕཊཿ ད་དུར་པ་གྲུབ་ཤ་ཕཊ ཿ ན་དུར་པ་གྲུབ་ཤ་ཕཊ ཿ པ་དུར་པ་གྲུབ་ཤ་ཕཊཿ ཕ་དུར་པ་གྲུབ་ཤ་ཕཊ ཿ བ་དུར་པ་གྲུབ་ཤ་ཕཊ ཿ མ་དུར་པ་གྲུབ་ཤ་ཕཊཿ ཙ་དུར་པ་གྲུབ་ཤ་ཕཊ ཿཚ་དུར་པ་གྲུབ་ཤ་ཕཊཿ ཛ་དུར་པ་གྲུབ་ཤ་ཕཊ ཝ་དུར་པ་གྲུབ་ཤ་ཕཊཿ ཞ་དུར་པ་གྲུབ་ཤ་ཕཊཿ ཟ་དུར་པ་གྲུབ་ཤ་ཕཊཿ འ་དུར་པ་གྲུབ་ཤ་ཕཊཿ ཡ་དུར་པ་གྲུབ་ཤ་ཕཊཿ ར་དུར་པ་གྲུབ་ཤ་ཕཊཿ ལ་དུར་པ་གྲུབ་ཤ་ཕཊ ཿ ཤ་དུར་པ་གྲུབ་ཤ་ཕཊཿ ས་དུར་པ་གྲུབ་ཤ་ཕཊཿ ཧ་དུར་པ་གྲུབ་ཤ་ཕཊཿ ཨ་དུར་པ་གྲུབ་ཤ་ཕཊཿ ཀ་སྣ་སུམ་ཅུའི་རིག་སྔགས་ཀྱིས་བཅད་དོ། ཕུར་བུས་གདབ་པོ།། ཨཱོྃ་ན་ག་ལེ་ན་ག་ལེ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། སྲཾ་ཡ་སྲཾ་ཡ། མ་ཡ་མ་ཡ། ཨ་དཀར་རཊྞ་སྭཱཧཱ། བྱི་བ་རཊྣ་སྭཱཧཱ། མ་རཊྞ་སྭཱཧཱ། ད་ར་ད་ར། དུ་རུ་དུ་རུ། ཏི་རི་ཏི་རི། ཏི་ཧི་ཏི་ཧི། ཛཱ་ལ་ཛཱ་ལ། ཀརྨ་ཡཾ་ཀརྨ་ཡཾ། སྭ་གྲ་ཧཾ་སྭ་གྲ་ཧཾ། དེ་བ་ཡ་དེབ་ཡ། བེ་ཡ་བྱི་བ་ར་ཛ་ཨ་མོ་གུ་རུ་བྷྱོ་བྷྱོ། མ་མ་གུ་ར་སྭ་སྟི་ཕཊ་ཕཊཿ ཤིན་ཤིན་མ་མ་དེ་དག་ལ་སོགས་ཏེ་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ལྷའི་གདོན་ནམ། ལྷ་མ་ཡིན་གྱི་གདོན་ནམ། ཀླུའི་གདོན་ནམ། དྲི་ཟའི་གདོན་ནམ། ཤ་ཟའི་གདོན་ནམ། སྲིན་པོའི་གདོན་ནམ། སྲུལ་པོའི་གདོན་ནམ། ལུས་སྲུལ་པོའི་གདོན་ནམ། གནོད་སྦྱིན་གྱི་གདོན་ནམ། གྲུལ་བུམ་གྱི་གདོན་ནམ། ལྟོ་འཕྱེའི་གདོན་ནམ། འབྱུང་པོའི་གདོན་ནམ། མཁའ་འགྲོའི་གདོན་ནམ། མཁའ་ལ་རྒྱུ་བའི་གདོན་ནམ། བར་ན་འགྲིམ་པའི་གདོན་ནམ། ས་ལ་གནས་པའི་གདོན་ནམ། གཏིང་ན་ཉལ་བའི་གདོན་ནམ། བར་དུ་གཅོད་པའི་གདོན་ནམ། རིམས་ཉིན་གཅིག་པའམ། རིམས་ཞག་གཅིག་པའམ། རིམས་ཟླ་བ་གཅིག་པའམ། རིམས་ལོ་གཅིག་པའམ། མི་བདེ་བའི་ནད་ཐམས་ཅད་བཟློག་ཏུ་གསོལ། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། ཨ་ཀརྨ་ཡ་སྲུངས་ཤིག ཏར་མ་ཡ་སྲུངས་དུ་གསོལ། མ་ཏི་ལི་མ་ཏི་ལི། བྱི་ཤ་ལི་བྱི་ཤ་ལི། དར་མ་ཡེ་དར་མ་ཡེ། རཊྞ་ཡེ་རཊྞ་ཡེ། ཐོག་ཐོག་ཆེམ་ཆེམ། བྱུར་བྱུར། དོག་དོག་ཡ། ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་སྲོག་འཕྲོག་པ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་ཤིང་ཏོག་ཟ་བ་རྣམས་དང་། ཟས་སུ་མདངས་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་མཆིལ་མ་འཐུང་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་དབུགས་ཟ་བ་རྣམས་དང་། ཟས་སུ་ཕྲེང་བ་ཟ་བ་རྣམས་དང་། ཟས་སུ་སྨན་ཟ་བ་རྣམས་དང་། ཟས་སུ་དུག་ཟ་བ་རྣམས་དང། ཟས་སུ་འདམ་བུ་ཟ་བ་རྣམས་དང་། ཟས་སུ་སྐྱུག་པ་ཟ་བ་རྣམས་དང་། དེ་དག་ལ་སོགས་ཏེ་མི་གཙང་བ་ཟ་བའི་གདོན་རིགས་ཐམས་ཅད་ནི་རིག་སྔགས་ཀྱིས་བཅད་དོ ། ། ཕུར་བུས་གདབ་པོ། དབལ་གྱི་གྱད་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ། ཕུར་བུས་གདབ་པོ།། འཇིགས་པའི་ཁྲོ་གཉེར་བཞིས་བྱས་པའི་རིག་སྔགས་ཀྱིསབཅད་དོ། ། ཕུར་བུས་གདབ་པོ། ། དབལ་གྱི་མ་མོ་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ། ཕུར་བུས་གདབ་པོ། ། དབལ་གྱིི་གཟེ་མ་དགུས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ། ཕུར་བུས་གདབ་པོ། དབལ་གྱི་གྱད་མོ་དགུས་བྱས་པའི་རིག་སྔགས་ཀྱི་བཅད་དོ། ། ཕུར་བུས་གདབ་པོ། ། དབལ་གྱི་ཐང་མོ་དགུས་བྱས་པའི་རིག་སྔགས་ཀྱི་བཅད་དོ། ། ཕུར་བུས་གདབ་པོ། ། ལས་ཀྱི་མ་མོ་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ། ཕུར་བུས་གདབ་པོ། །བསྐལ་པའི་སྲིད་བརྒྱད་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ཀྱིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ། ཕུར་བུས་གདབ་པོ། ། རྒྱལ་པོ་ཆེན་པོ་བཞིས་བྱས་པའི་རིག་སྔགས་ཀྱིས་བཅད་དོ། ། ཕུར་བུས་གདབ་པོ། ། བསྭོ་ཨཱོྃ་དུ་དུ་ཤག་ཤག་ཨ་བར་ཞིལ་ཞིལ་ལམ་ལམ་ཡལ་ཡལ། ཧེ་ཧེ་ཧེ། ཧཱུཾ་ཧཱུཾ་ཧཱུཾ། ཧི་ཧི་ཧི། ཨཱོྃ་མ་ཆེན་མོ་དབང་ཐང་སྩོལ་ཅིག མང་རྦད་དྲག་ཅི་ནིར་ནིར་ཕཊ་ཕཊཿ རཾ་རཾ་ཤིག་ཤིག་སྭཱ་ཧཱ། ཨཱོྃ་ཀརྨ་ཡ་སྲུངས་ཤིག མ་མ་སང་སང་ཐོར་ཐོར་ཡ། འཇིགས་མ་ཆེན་མོས་བདག་ལ་བསྲུང་དུ་གསོལ། བསྐྱབ་དུ་གསོལ། དམུ་ར་ཏ་ཧན་གྱིས་བདག་ལ་བསྲུང་དུ་གསོལ། ར་ཧོ་ཧ་ལེས་བདག་ལ་བསྲུང་དུ་གསོལ། རཊྞ་བྱི་ཤས་བདག་ལ་བསྲུང་དུ་གསོལ། རཊྞ་བིང་ངས་བདག་ལ་བསྲུང་དུ་གསོལ། ཨ་དཀར་ཙས་བདག་ལ་བསྲུང་དུ་གསོལ། ཨ་སུ་དྲིས་བདག་ལ་བསྲུང་དུ་གསོལ། ཐུགས་རྗེ་གསང་བས་བདག་ལ་བསྲུང་དུ་གསོལ། ཐུགས་རྗེ་མཉམ་པས་བདག་ལ་བསྲུང་དུ་གསོལ། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བསྲུང་དུ་གསོལ། བསྐྱབ་དུ་གསོལ། བོན་ཉིད་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་འདི་རས་སམ་དར་ལ་བྲིས་ནས་རྒྱལ་མཚན་གྱི་རྩེ་ལས་ཕྱར་རམ། མགུལ་དུ་བཏགས་སམ། མེ་ཏོག་གཏོར་རམ། མཆོད་པ་ཕུལ་ཞིང་བཀུར་སྟི་བྱས་ནས་ངག་ཏུ་བརྗོད་པ་ཙམ་གྱིས་ཡུལ་ཕྱོགས་ན་མི་བདེ་བའི་ནད་རིགས་དང་གདོན་ཐམས་ཅད་ཞི་བར་བྱེད་དོ། བྱད་ཁ་དང་དགྲ་རྐུན་མི་ཁ་ཐམས་ཅད་ཟློག་པར་བྱེད་དོ། ཚེ་དང་བསོད་ནམས་དབང་ཐང་དར་ཞིང་རྒྱས་ནས་ནོར་ཕྱུགས་ཀྱི་གོད་ཁ་བསྒྱུར་བར་བྱེད་དོ། ། བདག་གིས་ཅི་བསམ་དོན་ཀུན་ལྷུན་གྱིས་འགྲུབ་པར་འགྱུར་རོ། ། གཙུག་ཏོར་གསང་བའི་མདོ་ཞེས་བྱ་བ་རྫོགས་སོ། །

  ༧དེ་བཞིན་གཤེགས་པའི་གཙུག་ཏོར་ལས་འཁྲུངས་པའི། ། རྒྱལ་བ་ཀུན་གྱི་ཡུམ་གྱུར་གདུགས་དཀར་མོ། ། དྲན་པ་ཙམ་གྱིས་རིག་སྔགས་ཚ་ཟེར་གྱིས། ། བདུད་སྡེ་དཔུང་འཇོམས་བདེ་སྟེར་བྱམས་ཆེན་མོ། ། མན་ཤེལ་མདངས་ལྡན་དབུ་སྟོང་ཕྱག་ཞབས་སྟོང་། ། སྤྱན་སྟོང་སངས་རྒྱས་སྟོང་གི་དབང་ཕྱུག་མ། ། མི་དང་མི་མིན་སྟོང་ཕྲག་དྲུག་ཅུའི་གདོན་། ། ལས་གྱུར་འགལ་རྐྱེན་ཀུན་ཞི་བདེ་ལེགས་སྩོལ། ། ཁྱད་པར་ཕ་རོལ་རྦོད་གཏོང་བསམ་སྦྱོར་གྱིས། ། སྒོ་གསུམ་མནན་གཏད་བྱད་སྟེམས་རེངས་མཚོན་སོགས། ། སྦྱོར་ངན་ཀུན་གྱིས་མི་ཚུགས་ཕྱིར་ཟློག་གྱིས། ། བདག་ཅག་སྲུང་སྐྱོབ་སྦས་པའི་འཕྲིན་ལས་མཛོད། ། མདོར་ན་ནད་གདོན་བར་ཆོད་ཀུན་ཞི་ནས། ། ཚེ་བསོད་དཔལ་འབྱོར་བཙན་ཕྱུག་འཕན་དར་རྒྱས། ། ལོངས་སྤྱོད་ཕུན་ཚོགས་ཅི་འདོད་དབང་དུ་བསྡུས།། ཕས་རྒོལ་གང་གིས་བསྐྱད་དུ་མེད་པར་མཛོད།།བཀྲ་ཤིས་སོ།།