གནོད་སྦྱིན་ཕོ་དགུ་མོ་དགུ་
མཐོང་རིས་
དབུས་སུ་འཛམ་བྷ་ལ་དང། ནོར་རྒྱུན་མ། ཤར་དུ་ནོར་བུ་བཟང་དང་ཟླ་འོད་མ། ལྷོར་གང་བཟང་དང་སྦྱིན་མ། ནུབ་ཏུ་གཏེར་སྦྱིན་དང་རབ་སྦྱིན་མ། བྱང་དུ་རྣམ་སྲས་དང་འཕགས་མ། ཤར་ལྷོར་ཕུར་བུའི་ཕྲེང་བ་དང་རབ་བཟང་མ། ལྷོ་ནུབ་ཏུ་རོལ་པའི་ཕྲེང་བ་དང་སྦས་མ། ནུབ་བྱང་དུ་གདོང་གི་དབང་པོ་དང་ལྷ་མོ་མཛེས་མ། བྱང་ཤར་དུ་སྤྱོད་པའི་དབང་པོ་དང་དབྱངས་ཅན་མའོ།།