Jump to content

གནས་སྙིང་དགོན

ཡོང་ཁུངས་Wikipedia

གནས་རྙིང་དགོན་པ་ནི་མྱང་སྟོད་རྒྱལ་རྩེ་གནས་རྙིང་སྟེ་དེང་གི་ཁང་དམར་རྫོང་གནས་རྙིང་ཤང་དུ་ཆགས་ཡོད་ཅིང་། དེ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཇོ་བོ་ཨ་ཏི་ཤ་མངའ་རིས་ནས་དབུས་གཙང་དུ་ ཕེབས་དུས་ཉན་ཚོ་གནས་རྙིང་དགོན་པར་ཞབས་སོར་འཁོད་སྐབས་རབ་གནས་ཞུས་པར་གནས་ཀྱི་སྙིང་པོར་འདུག་གསུངས་པས་གནས་སྙིང་དུ་གྲགས་ཟེར། དེང་སང་གནས་རྙིང་ལས་གནས་སྙིང་འབྲི་སྲོལ་མིན་འདུག གནས་རྙིང་དགོན་པ་འདི་གསང་སྔགས་རྙིང་མའི་བླ་མ་རྒྱ་འཇམ་དཔལ་གསལ་བའི་རྒྱུད་འཛིན་བླ་མ་རིམ་པས་འཛིན་སྐྱོང་མཛད། དེའི་རྗེས་སུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དུས་སུ་ཙོང་ཁ་པས་གནས་རྙིང་དུ་གྲྭ་སྐོར་མཛད་པ་དང། རྒྱལ་ཚབ་དར་མ་རིན་ཆེན་གྱི་གཞིས་དགོན་ཡིན་སྟབས། མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་ཡང་གནས་རྙིང་དུ་གདན་དྲངས་པ་ཙམ་ནས་དགེ་ལུགས་སུ་རང་ཤུགས་སུ་འགྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་སྐུ་ན་གཞོན་དུས་ཆུ་བྱི་(༡༤༩༢)ལོར་རྗེ་འཇམ་དཔལ་སྙིང་པོས་གདན་དྲངས་ཤིང། དེ་དུས་གནས་རྙིང་རིན་པོ་ཆེས་བཞེངས་པའི་གོས་སྐུ་འཇལ་བ་སོགས་བཀྲ་ཤིས་ལྷུན་པོ་དང། གནས་རྙིང་དགོན་པ་གཉིས་འབྲེལ་ལམ་ཟབ་པོ་བྱུང། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སུ་རྒྱའི་འཇམ་གསང་གི་གདུང་རྒྱུད་ཆད་ཚུལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་ནང་གསལ་བ་དང། དེ་རྗེས་གུང་པཎྜི་ཏ་རྩེ་ཆེན་དགའ་བཞིར་གཞིས་སྐོར་ཕེབས་དུས་ལྷོ་པ་ཚེ་དར་ཟེར་བ་ཞིག་ལ་གནས་རྙིང་དགོན་པའི་གནས་ཚུལ་ཇི་འདྲ་ཡོད་མེད་འདྲི་རྩད་བྱས་པས་ལན་ལ། གནས་རྙིང་དགོན་མ་ལག་བྱིངས་ཡར་འབྲོག་བསམ་སྡིང་བླ་བྲང་ནས་འཛིན་སྐྱོང་བྱེད་བཞིན་ཉམས་གོག་ཆེར་མེད་ཚུལ་བཤད་འདུག ཡོངས་ཁུངས། ལུག་ཚང་དཔལ་ཡོན་དྲ་བ།