Jump to content

གནས་ཚུལ་ཅི་འདྲའི་འོག་ཨེ་ཛི་མི་འགོ་

ཡོང་ཁུངས་Wikipedia

དང་པོ། ཉེན་མེད་བྱ་སྤྱོད་ལས་ཟ་མ་མཉམ་ཟ་བྱེད་པ། ཨེ་ཛིའི་ནད་དུག་ཅན་གྱིས་བཟོས་པའི་ཟ་མ་ཟ་བའམ་ཨེ་ཛིའི་ནད་པ་དང་མཉམ་དུ་ཟ་མ་མཉམ་ཟ་བྱེད་པ།ཡང་ན་ཨེ་ཛིའི་ནད་པར་ཟ་མ་གཡོ་སྐོལ་བྱེད་པའམ། ཨེ་ཛིའི་ནད་པས་སྐྱེལ་འདྲེན་བྱས་པའི་ཟ་མ་སོགས་ཀྱིས་གནོད་སྐྱོན་མེད།ཡིན་ནའང་། ཤ་རློན་པ་དང་གྲངས་ཚལ་སོགས་ཀྱི་ནང་ཨེ་ཛིའི་ནད་པའི་ཁྲག་སོང་བ་ཁོག་ཏུ་མིད་སྐབས་སོ་རྕ་དང་མུད་པ་སོགས་ན་སྐྱོན་ཡོད་ན་ནི་འགོ་མི་ཐུབ་ཞེས་ཁག་ཐེག་མེད་ཟེར། གཉིས་པ། ཉེན་མེད་བྱ་སྤྱོད་ལས་ལས་ཀ་མཉམ་ལས་བྱེད་པ། ཨེ་ཛིའི་ནད་དུག་ཅན་དང་མཉམ་དུ་ཆོས་ཚོགས་སུ་ཞུགས་པ་དང་།ལས་ཀ་སྒྲུབ་པ། སློབ་སྦྱོང་བྱེད་པ།ཚོགས་འདུར་ཞུགས་པ་སོགས་ཀྱིས་ཨེ་ཛི་འགོ་མཆེད་མི་བྱེད། རྒྱུ་མཚན་ཨེ་ཛི་ནི་གློ་གཅོང་དང་ཆམས་པ་སོགས་དང་མི་འདྲ་བར།གང་ཞིག་ན་སུ་ཞིག་གིས་ལུད་པ་འཕངས་ཡོད་པའམ། སུ་ཞིག་གིས་སྦྲིད་པ་ཞིག་བྱས་པ། མི་ཚོགས་མང་ས་ནས་ཁ་རླངས་གཞིབ་པ་ཙམ་གྱིས་འགོ་བཞིན་མེད།དེའང་ཁྲག་གཤེར་གྱི་སྦྱོར་རེས་མེད་པའི་ཆ་རྐྱེན་འོག་བཤད་པ་ཡིན། གལ་ཏེ་གོང་གི་བྱ་འགུལ་ཁྲོད་མི་གཞན་པ་ཞིག་ལ་རྨས་སྐྱོན་ཕོག་པའམ་སྣ་ཁྲག་བྱུང་བའི་ཁྲག་ནད་མེད་པའི་མིའི་རྨ་ཁའི་ནང་སོང་བ་ཡིན་ན་འགོ་སྲིད་པ་ཤེས་དགོས། གསུམ་པ། ཉེན་མེད་བྱ་སྤྱོད་ལས་མཉམ་དུ་རྩེད་མོ་རྩེ་བ། ཨེ་ཛིའི་ནད་དུག་ཅན་དང་མཉམ་དུ་ལག་འཇུ་དང་འཁྱུད་རེས་བྱེད་པ། འགྲིག་ཤོ་འཕེན་པ། ཐ་ན་བདེ་སྲུང་འདུ་ཤེས་དང་སྲུང་སྐྱོབ་ལག་ལེན་ལྡན་པའི་སྒོས་ཉལ་པོ་བྱེད་པ་སྟེ་བདེ་འཇགས་ལུས་འབྲེལ་བྱས་པ་སོགས་ཀྱིས་ཀྱང་ཨེ་ཛི་འགོ་མཆེད་མི་བྱེད།ཡིན་ནའང་། བདེ་འཇགས་ལུས་འབྲེལ་(安全性行为)ཟེར་བ་སྟེ། བརྩེ་སྦྱོར་གྱི་ཐོག་མཐའ་བར་གསུམ་དུ་སྲུང་ཤུབས་བེད་སྤྱོད་བྱེད་པ་དང་། རྒྱུ་སྤུས་ཚད་ལྡན་གྱི་སྲུང་ཤུབས་བེད་སྤྱོད་བྱེད་པ།ཚུལ་དང་མཐུན་པའི་སྒོས་བེད་སྤྱོད་བྱས་ན་སྐྱོན་མེད་པས་ཨེ་ཁྱབ་ཟེར་ན། ཁྱབ་ཅེས་བཤད་མི་ཕོད་དེ།དཔེར་ན། གལ་ཏེ་ཨེ་ཛིའི་ནད་པ་དེའི་ལུས་ན་འབྲུམ་ཐོར་གྱིས་ཁྱབ་ཡོད་པའམ། ཨེ་ཛིའི་ནད་པར་འདོད་ཁུ་མང་པོ་བྱུང་བའི་སྐབས་སུ།གཞན་པ་དེར་ཡང་རེག་དུག་དང་ལྤགས་ནད་སོགས་ཡོད་ན་བརྒྱ་ཆ་བརྒྱ་ཡིས་མི་འགོ་ཞེས་སུས་ཀྱང་ཁག་ཐེག་བྱ་ཐུབ་ཀྱིན་མེད།ཡིན་ནའང་། ཕོ་མོའི་ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་ནི་ཨེ་ཛི་སྔོན་འགོག་གི་ཡོ་བྱད་ཆེས་གལ་ཆེ་བ་དེ་ཡིན་ལ།ད་བར་ཏུ་ཐབས་ལམ་ཉག་གཅིག་ལྟ་བུའང་ཡིན་ནོ། ། བཞི་པ། ཨེ་ཛིའི་ནད་པར་རྨུགས་པའི་ཤིག་དང་དུག་སྦྲང་གིས་རང་ཉིད་ལ་རྨུག་པས་སྐྱོན་མེད་པར་བཤད་རུང་།ཆེད་མཁས་ཤིག་གིས་གསུངས་པ་ལྟར་ན། གལ་ཏེ་མི་ཁ་ཤས་མཉམ་གཅིག་ཏུ་གང་ཞིག་ན་འགྲོ་བཞིན་པའི་སྐབས་ཁྱི་ཞིག་ཤོར་ཏེ་དང་པོ་མི་དེ་དག་ནང་གི་ཨེ་ཛིའི་ནད་པ་དེར་གཅིག་རྨུགས་ཤིང་།དེ་ནས་མུ་མཐུད་དུ་གཞན་པ་དག་ལའང་ཁམ་རེ་ཁམ་རེ་རྨུགས་སོང་བ་ཡིན་ན་ནད་མི་འགོ་ཞེས་ཁག་ཐེག་བྱ་མི་ཕོད་ཅེས་ཟེར། ལྔ་པ།ད་རུང་ཤེས་དགོས་པ་ཞིག་ལ། དུག་སེལ་ཡག་པོ་བྱས་ཡོད་པའི་སྨན་ཆས་དང་། བརྟག་བཤེར་ལེགས་པོ་བྱས་ཡོད་པའི་ཁྲག་རིགས།ཐེངས་གཅིག་ལས་བེད་སྤྱོད་མི་བྱེད་པའི་ཁབ་མགོ་སོགས་ཀྱིས་ཨེ་འདུག་བསྒོ་བཞིན་མེད་པ་ཤེས་དགོས་ལ།དེ་བཞིན་བསྒྲགས་ཀྱང་དགོས་ཀྱི། སྤྱི་ཚོགས་ཟིང་ཟིང་དུ་འགྲོ་བའི་ཉེན་ཁ་ཡོད་ལ། ཐ་ན་ཆམས་པ་སོགས་ཀྱིས་ན་ཚེ་སྨན་པར་སྟོན་མི་ཕོད་པའི་གནས་ཚུལ་ཡང་འབྱུང་སྲིད་པ་ཡིན་ནོ།།