གནས་བརྟན་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ནས་བཤད་ཚུལ་ལ། བསྙེན་པར་རྫོགས་(དགེ་སློང་གི་སྡོམ་པ་ཞུས་པ་)ནས་སྡོམ་པ་ལ་སྐྱོན་མ་བྱུང་བར་ལོ་བཅུ་ལོན་པ་བརྟན་པའི་ཡོན་ཏན་དང་། འདུལ་བ་ཤེས་ཤིང་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་གི་ནས་གང་ཡུང་རུང་བའི་ཡོན་ཏན་དང་ལྡན་པ་ནི་མཁས་པའི་ཡོན་ཏན་ཡིན་པས་བརྟན་མཁས་ཀྱི་ཡོན་ཏན་དེ་གཉིས་དང་ལྡན་པ་ལ་གནས་བརྟན་ཞེས་བཤད་སྲོལ་ཡོད། ཞིབ་པར་འདུལ་བའི་གཞུང་གི་འགྲེལ་པ་མང་ཆེ་བའི་ནང་གསལ།