གནས་གསུམ་གྱི་རུང་བ་མ་ཡིན་པའི་ཤ་
མཐོང་རིས་
བདག་གི་ཆེད་དུ་བསད་པ་མངོན་སུམ་དུ་མཐོང་བའི་ཤ་དང། ཡིད་ཆེས་པ་ལ་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ཞེས་ཐོས་པའི་ཤ་དང། རང་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་སྟེ་རང་ཉིད་ཀྱི་ཆེད་དུ་མིན་ནམ་སྙམ་པའི་དོགས་པ་བྱུང་བའི་ཤ་གསུམ་མོ།། དེ་གསུམ་དང་བྲལ་བའི་ཤ་ལ་རྣམ་སུམ་དག་པའི་ཤ་ཅེས་བྱའོ།།