Jump to content

གནམ་ལྷ་བབས་ཀྱི་བདག་པོ་

ཡོང་ཁུངས་Wikipedia

གནའ་རབས་བོད་ཀྱི་བོན་ཆོས་ལོ་རྒྱུས་ཐོག་བཤད་སྲོལ་ལ། བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་དེ་གནམ་རིམ་པ་དགུའི་ཡང་སྟེང་གི་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་ཏེ་ཐོག་མར་ལྷ་རི་རོལ་པོའི་རྩེར་བབས་ཤིང་དེ་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་གདན་དྲངས་ཏེ་བོད་ཀྱི་རྒྱལ་པོར་བསྐོས་པ་ཡིན་པས། བོད་ཀྱི་བཙན་པོ་རིམ་བྱུང་རྣམས་གནམ་གྱི་ལྷ་ཡུལ་ནས་མི་ཡུལ་གྱི་བདག་པོར་ཕེབས་པའི་རྒྱལ་པོ་ཡིན་ཟེར། འདི་དང་རྒྱ་ནག་གི་གོང་མ་རིམ་བྱུང་ལ་གནམ་བསྐོས་གོང་མ་ཟེར་བའི་ཤོད་སྲོལ་ཡོད་པ་གཉིས་ཕན་ཚུན་ཤུགས་རྐྱེན་ཐེབས་པ་མ་ཡིན་ཀྱང་གོ་དོན་གཅིག་མཚུངས་སུ་ཡོད།