གནམ་མཚོ་
བོད་ལ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་གྲས་ཡིན།
ལྷ་ས་ནས་ཐག་རིང་བའི་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་ཡོད་ཅིང། མིང་གཞན་གནམ་མཚོ་ཕྱུག་མོ་ཡང་ཟེར། བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཆུས་ཁོངས་གནམ་མཚོ་ཤང་ཡོད་སར་གནམ་མཚོ་ཞེས་པའི་མཚོ་ཆེན་པོ་ཞིག་ཡོད་པ་དེ་ཡི་མིང་ཡིན།
མཚོ་དེ་ཡི་རྒྱོ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གསུམ་ཡོད་ཅིང། རྟ་ཞོན་ནས་དལ་བགྲོས་ཀྱིས་མཚོ་ལ་སྐོར་བ་ཕྱིན་ན་ཉིན་བཅུ་གཅིག་ལ་འཁོར་ཟེར་སྲོལ་ཡོད།
རང་ལྗོངས་ཀྱི་ཚྭ་ཡི་ཐོན་ཁུངས་མཐོ་ཤོས་གྲས་ཀྱི་མཚོ་ཞིག་ཡིན་པ་དང། མཚོའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་དེ་རྒྱ་ཆེ་ཞིང། མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་བ་ཞིག་ཡིན།
འོན་ཀྱང་ས་ཁྲ་དཔར་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་བོད་ཡིག་གི་ས་བཀྲའི་ནང་གནམ་མཚོ་དང་གནམ་མཚོ་ཕྱུག་མོ་ཟེར་བའི་མཚོ་མི་འདྲ་བ་ཁག་གཉིས་ཀྱི་མིང་བཀོད་འདུག་པས་ས་གནས་ངོ་མར་རྩད་ཞིབ་བྱ་དགོས།