Jump to content

གཅེར་བུ་

ཡོང་ཁུངས་Wikipedia

གཅེར་བུ་ཞེས་པ་ནི་གོས་མེད་པའི་ལུས་ཀྱི་རང་བཞིན་ལ་གོ་དགོས། ལུས་ཀྱི་རང་བཞིན་བྱི་དོར་མ་བྱས་པའི་སྐབས་སུ་གཅེར་བུ་འཇིགས་སུ་རུང་བ་ཞིག་ཡིན་པ་བཤད་འདུག

སྒྲ་བཤད།

[རྩོམ་སྒྲིག]

"གཅེར་བུ་ཞེས་བྱ་བ་ནི་གོས་དང་བྲལ་བའི་ཕྱིར་རོ། །"[]ཞེས་གསུངས་སོ། །

ལུས་ཀྱི་རང་བཞིན།

[རྩོམ་སྒྲིག]

མ་བྱས་པའི་གཅེར་བུའི་རང་བཞིན། ལུས་ཀྱི་རང་བཞིན་མ་བཅོས་པའི་སྐབས་སུ་"སྐྲ་འཕྱང་ཞིང་རིང་བ་སེན་མོ་ཤིན་ཏུ་རིང་བ་དང་སོ་སྐྱ་བོ་སྔོ་ནག་དང་སེར་ནག་སོགས་ཀྱི་དྲེག་པ་དྲིར་ཏེ་མི་ཞིམ་པའི་དྲི་མར་བཅས་པ་དང་དྲི་ང་བ་རུལ་བའི་འདམ་གྱི་དྲིས་ཏེ་དྲི་མས་བསྒོས་པས་ལུས་ཀྱི་རང་བཞིན་ནི་གཅེར་བུ་འདྲེ་དང་སྲིན་པོ་ལྟ་བུ་འཇིགས་སུ་རུང་བ་ཤིན་ཏུ་མི་སྡུག་པ་ཉིད་ཡིན་"[]ཞེས་འཁོད་འདུག

བྱི་དོར་བྱས་རྗེས་ཀྱི་གནས་ཚུལ། "རང་ལ་གནོད་པའི་མཚོན་ཆ་རལ་གྲི་ལ་སོགས་པ་རང་གིས་བརྡར་ཞིང་བྱི་དོར་བྱེད་པ་བཞིན་དུ་ཆགས་ཡུལ་གྱི་ལུས་དེ་ལ་འབད་ནས་ཁྲུས་དང་བྱུག་པ་སོགས་ཀྱིས་ཅི་ཡི་ཕྱིར་བྱི་དོར་བྱེད་དེ་བྱེད་མི་རིགས་སོ། །"[]ཞེས་བྱི་དོར་ལ་འབད་པ་མི་རིགས་པའི་གཏན་ཚིགས་སུ་འཁོད་འདུག

རྩོད་སྤོང་།

[རྩོམ་སྒྲིག]

བྱི་དོར་བྱས་པས་མཛེས་པར་འགྱུར་སྙམ་པའི་རྩོད་པ། "གལ་ཏེ་སྐྲ་དང་སེན་མོ་སོགས་བྱི་དོར་བྱས་པས་མཛེས་ཤིང་འདོད་པར་བྱ་བ་ཡིན་ནོ་ཞེ་ན། སྐྲ་སེན་རིང་བ་དང་སོ་སྐྱ་ཞིང་དྲི་མ་དང་བཅས་པའི་འདམ་གྱི་དྲིས་བསྒོས་པས་དུས་ཀྱི་རང་བཞིན་ནི་གཅེར་བུ་འཇིགས་པ་ཉིད་ཡིན་ན། རང་གསོད་པར་བྱེད་པ་རང་ལ་གནོད་པའི་མཚོན་བཞིན་དུ་དེ་འབད་པས་ཅིའི་ཕྱིར་བྱི་དོར་བྱེད་མི་རིགས་སོ། །"[]ཞེས་རྩོད་པ་དང་དེའི་ལན་འཁོད་འདུག

སྨོན་ལམ།

[རྩོམ་སྒྲིག]

"གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །"ཞེས་པའི་སྨོན་ལམ་འདེབས་པའི་སྐོར་ལ་རྒྱས་པར་འཁོད་འདུག

བསྡུས་དོན།

[རྩོམ་སྒྲིག]

གཅེར་བུ་ཞེས་པ་ནི་གོས་མེད་པའི་ལུས་ཀྱི་རང་བཞིན་ལ་ཟེར། དེ་ཡང་ལུས་ཀྱི་རང་བཞིན་མ་བཅོས་པའི་སྐབས་སུ་འཇིགས་སུ་རུང་ཞིང་མི་སྡུག་པ་ཡིན་ཀྱང་། མི་རྣམས་ཀྱིས་དེ་ལ་བྱི་དོར་བྱེད་པ་ནི་རང་ལ་གནོད་པའི་མཚོན་ལ་བྱི་དོར་བྱེད་པ་དང་འདྲ་བས་མི་རིགས་པ་ཡིན་པ་སྤྱོད་འཇུག་གི་འགྲེལ་པ་ཁག་ནང་གསལ་པོར་བཤད་འདུག དེ་འདྲའི་གཅེར་བུ་རྣམས་གོས་དང་ཟས་ཆུ་ལ་སོགས་པ་མཁོ་བའི་ཡོ་བྱད་ཐམས་ཅད་ཐོབ་པར་ཤོག་ཅེས་སྨོན་ལམ་འདེབས་པ་ཡང་བཤད་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།