གངས་ཤུད་

ཡོང་ཁུངས་Wikipedia

གངས་ཤུད་ནི་ལུས་རྩལ་པའི་ལག་ལ་གངས་ཤུད་ཀྱི་ལག་རྟེན་བཟུང་ནས། རྐང་པ་གངས་ཤུད་གློད་སྤྱད་ལ་བརྟེན་ནས་གངས་ཀྱི་ཐོག་ནས་ཤུད་པའི་དགུན་དུས་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། ཡོ་རོབ་བྱང་མ་ནས་དར་བ་ཡིན། རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ནི་སྤྱི་ལོ1924ལོར་ཚུགས། དེང་རབས་གངས་ཤུད་ལུས་རྩལ་ལ་ཨ་འར་པཱེ་སི་རི་བོའི་རིགས་དང་། ཡོ་རོབ་བྱང་མའི་རིགས། རང་མོས་ཅན་གྱི་རིགས་བཅས་སྣ་གསུམ་ཡོད་པ་ཡིན། སྤྱི་ལོ1924ལོར་ཧྥ་རན་སེ་ནས་སྐབས་དང་པོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྤེལ་བ་དང་། སྐབས་དེར་ཡོ་རོབ་བྱང་མའི་གངས་ཤུད་དངོས་སུ་འགྲན་སྡུར་བྱས་ཆོག་པའི་རྣམ་གྲངས་སུ་ཚུད། རང་དབང་ཅན་གྱི་གངས་ཤུད་ནི་སྤྱི་ལོ1988ལོའི་སྐབས་བཅོ་ལྔ་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཐོག་གི་འཁྲབ་སྟོན་རྣམ་གྲངས་ཡིན་པ་དང་། སྤྱི་ལོ1992ལོའི་སྐབས་བཅུ་དྲུག་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཐོག་དངོས་སུ་འགྲན་སྡུར་བྱས་ཆོག་པའི་རྣམ་གྲངས་སུ་ཚུད།