Jump to content

གངས་རྒོད་སྤྲོ་སྐྱིད་གླིང་

ཡོང་ཁུངས་Wikipedia

གངས་རྒོད་སྤྲོ་སྐྱིད་གླིང་ནི་ཀྲུང་གོའི་ནང་གི་བོད་རིགས་སློབ་ཆེན་སློབ་མས་རང་འགུལ་གྱིས་བསྡུས་པའི་ཕ་ཡུལ་ལ་ལོག་པའི་རང་འདུན་ཞབས་ཞུ་དང་། སྤྱི་ཚོགས་ཀུན་ཕན་རང་བཞིན་གྱི་སྒྲིག་འཛུགས་ཤིག་རེད།
སྤྱི་ལོ་༢༠༡༣ལོའི་ཟླ་༡༠པར་ཞབས་ཞུ་བྱེད་འགོ་བརྩམས་པ་ལ་། དང་ཐོག་ནི། མི་གཅིག་གིས་འཕྲིན་སྟེགས་སུ་བོད་ཡིག་རྨང་གཞི་དང་། བོད་ཀྱི་ཡུལ་སྲོལ་གོམས་ཤེས་སོགས་སྤེལ་ནས་ཡོད་པའི་དྲ་བའི་སྟེགས་བུ་ཞིག་རེད།
སྤྱི་ལོ་༢༠༡༥ལོའི་ཟླ་༡པོར། གངས་རྒོད་སྤྲོ་སྐྱིད་གླིང་དངོས་སུ་བཙུགས་ནས། རྒྱ་ནག་དང་དེ་གའི་ས་གནས་ཀྱི་སྒྲིག་འཛུགས་འགའ་དང་མཉམ་དུ་བོད་ཀྱི་རིག་གནས་སྐོར་ཀྱི་ལེ་ཚན་འགའ་ཡང་སྒྲུབ་པ་རེད། སྤྱི་ལོ་༢༠༡༥ལོའི་ཟླ་༣པར། གངས་རྒོད་སྤྱོ་སྐྱིད་གླིང་གི་རང་འདུན་ཚོགས་པ་བཙུགས་ནས་བོད་ཡུལ་དུ་ཀུན་ཕན་བྱེད་སྒོ་སྤེལ། ལེགས་སྐྱེས་འབུལ་གནང་དང་། མཛའ་བརྩེ། རོགས་རམ་བཅས་པའི་རང་འདུན་པ་ཡི་ཞབས་ཞུའི་སྙིང་སྟོབས་བཅངས་ནས། སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་པའི་ཞབས་ཞུའི་རྣམ་པའི་འོག བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་སློབ་གསོ་དང་། རིག་གནས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་གིན་ཡོད་རེད། དེ་གའི་སྒྲིག་འཛུགས་ཀྱིས་གུང་གསེང་གི་དུས་ཚོད་བེད་སྤྱད་ནས། བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་ཕྲུ་གུ་རྣམས་ལ་སློབ་ཁྲིད་ཀྱི་ཞབས་ཞུ་མཛད་པ་དང་། དེ་བཞིན། བཅར་འདྲི་དང་། ལྟ་ཞིབ་ཀྱི་རྣམ་པའི་ཐོག་ནས་ཅང་གསལ་ཁ་ལྡན་པའི་ངང་ནས་ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོའི་གནས་སྟངས་ལ་རྒྱུས་མངའ་བྱས་ཏེ་ཕ་ཡལ་གྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་རང་བཞིན་གྱི་བསམ་འཆར་ཡང་ཕུལ།
གངས་རྒོད་སྤྲོ་སྐྱིད་གླིང་གིས་བོད་ཀྱི་མཐའ་མཚམས་ཀྱི་གྲོང་གསེབ་བུ་ཕྲུག་དང་ཞིང་འབྲོག་མང་ཚོགས་ལ་རོགས་པ་མཛད་པ་དང་། ད་དུང་། ལེགས་སྐྱེས་འབུལ་གནང་དང་། མཛའ་བརྫེ། རོགས་རམ། ཡར་རྒྱས་ཀྱི་རང་འདུན་པའི་ཞབས་ཞུའི་སྙིང་སྟོབས་བཅངས་ནས་ཁོ་ཚོ་ལ་རེ་བ་ཞིག་དང་། སྐུལ་ཅག་ཅིག་སྟེར་གནང་མཛད་པ་རེད། ཁོ་ཚོས་བཤད་དོན། ང་ཚོའི་ནུས་པས་འཇོན་པ་ཡིན་ན། གང་དེ་ཧུར་ཐག་རྦེད་ཐག་གིས་སྒྲུབ་ངེས་ཡིན། ང་ཚོས་གཙོ་སྒྲུབ་བྱེད་པའི་བྱེད་སྒོ་དང་། འཆར་གཞི། དྲིལ་བསྒྲགས་ཚང་མ་ལ་སྤྱི་ཕན་གྱི་རང་བཞིན་ཡོད་ཅེས་སོ། དང་ཐོག་ནི་རྒྱ་ནང་དུ་སློབ་གཉེེར་བྱེད་བཞིན་པའི་བོད་རིགས་སློབ་མས་མགོ་ཁྲིད་དེ་ཀུན་སློང་ནི་གཞན་ཕན་དང་སྤྱི་པའི་ཁེ་ཕན་ནི་དམིགས་བཙུགས་མཛུབ་ཁྲིད་ལྟར་དུ་བྱས་ནས་བྱེད་སྒོ་མང་དག་ཅིག་སྤེལ་བ་རེད།། དེ་ནི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་རྣམ་པ་ཞིག་རེད་ལ། ང་ཚོའི་བྱ་དངོས་གང་དེ་ལ་ལྟ་ཞིབ་དང་ཞིབ་འཇུག་གི་ཐབས་ལམ་ཞིག་ཀྱང་རེད། ལམ་དེ་འདྲ་ཞིག་ལ་སྙེགས་ན། སློབ་ཆེན་སློབ་མའི་ཆེད་ལས་ཀྱི་ཤེས་བྱ་གང་དེ་སྤྱི་ཚོགས་ཀྱི་ཞབས་ཞུའི་ཐོག་ཏུ་མངོན་འགྱུར་ཐུབ་ནས། ན་གཞོན་སློབ་མའི་མཐོང་རྒྱ་ཡང་ཆེ་རུ་འགྲོ་ངེས། མ་ཟད་དེས་སྤྱི་ཚོགས་ཀུན་ཕན་བྱ་གཞག་ལ་སྒུལ་ཤུགས་གསར་པ་ཞིག་ཀྱང་འཁྱེར་ཡོང་ལེ་རེད།
ང་ཚོའི་སྤྱི་ཚོགས་ཀུན་ཕན་གྱི་དངོས་བཞུགས་བྱེད་སྒོ་དག་ནི། རང་འགུལ་གྱིས་ཚུགས་ནས། སྤྱི་ཚོགས་ཅན་དང་གཞན་ཕན་གྱི་ངོ་བོ། དེ་བཞིན་སློབ་སྦྱོང་གྱི་རང་བཞིན་དང་། སྣེ་མང་ཟུང་འབྲེལ་གྱི་ཁྱད་ཆོས་མང་པོ་མངའ་ཞིང་། ན་གཞོན་སློབ་མའི་སྤྱི་ཚོགས་ལ་རེག་པ་དང་། སྤྱི་ཚོགས་ནང་འཛུ་བ། སྤྱི་ཚོགས་ལ་བསྒྱུར་བཅོས་བྱ་བའི་ཕུགས་འདུན་ཡང་མཚོན་གི་ཡོད་པ་རེད།

ལོ་རྒྱུས།

[རྩོམ་སྒྲིག]

གངས་རྒོད་སྤྲོ་སྐྱིད་གླིང་ནི་བོད་རིགས་སློབ་མ་འགས་སྒྲིག་འཛུགས་བྱས་པའི་ཚོང་ལས་མ་ཡིན་པའི་སྤྱི་འདུས་རང་བཞིན་གྱི་ཀུན་ཕན་ཚོགས་པ་ཞིག་རེད། མིག་སྔར། སྒྲིག་འཛུགས་ཀྱི་འོག་ཏུ། བོད་ཡིག་དྲི་བ་ཀུན་འདུས་དང་། རང་འདུན་ཚོགས་པ། གངས་ལྗོངས་མཐོ་སློབ་ལྷན་ཚོགས་སོགས་ཡོད། ཚོགས་མི་དངོས་དང་། རང་འདུན་པ་ཚང་མ་བསྡོམས་པའི་མི་གྲངས་བརྒྱ་ལྷག་ཡོད་རེད། དེ་དག་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་གིན་ཡོད་རེད།
གངས་རྒོད་སྤྲོ་སྐྱིད་གླིང་དེ་སྤྱི་ལོ་༢༠༡༣ལོའི་ཟླ་༡༠པར་བཙུགས་པ་དང་། བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཆུང་ཙག་འགའ་མཉམ་སྤྱོད་དང་། བོད་སྐད་ལ་དད་པའི་མི་ཚོགས་ལ་སྟབས་བདེ་བསྐྲུན་གནང་མཛད་ཀྱིན་པའི་བོད་པའི་རིག་གནས་ཀྱི་སྦྱང་སྟེགས་ལྟ་བུ་ཞིག་ཡིན་ཞིང་། མི་མང་པོས་བོད་ཀྱི་རིག་གནས་ལ་དོ་སྣང་ཡང་སླེབས་སུ་བཅུག་པ་རེད། དེ་ནས་རང་མོས་ཀྱིས་བོད་ཀྱི་ཞིང་འབྲོག་སློབ་ཁྲིད་ཀྱི་ལས་དོན་ནང་དུ་བཞུགས་པ་དང་། རང་གི་ཕ་ཡུལ་ལ་ཞབས་འདེགས་ཞུ་འདོད་མཁན་གྱི་བོད་རིགས་སློབ་མས་ག་ལེར་ཡར་བཙུགས་པ་ཞིག་རེད། ཚོགས་པས་དྲ་རྒྱ་དེ་གང་ཅིར་འབྲེལ་གཏུགས་བྱེད་སའི་སྟེགས་བུ་གཙོ་བོ་ཞིག་ཏུ་ངོས་འཛིན་ནས། བརྩེ་བའི་དྲ་སྟོབས་འདུས་ཤིང་གཉོམ་ཉུང་ལ་རོགས་སྐྱོར་མཛད་ནས། ཡར་རྒྱས་མཉམ་སྤྱོད་དང་རང་ཉིད་མཐོར་འདེགས་བྱ་གིན་ཡོད་རེད། ལོ་གཉིས་ཀྱི་རིང་དུ། དེ་གའི་སྒྲིག་འཛུགས་ཀྱིས་དཔེ་ཀློག ཡར་རྒྱས། ཕུགས་བསམ་སྙེགས་པ་ཞེས་པའི་ཁ་བྱང་འོག དམངས་ཡོངས་ཀྱིས་དཔེ་ཀློག་དང་། ཀུན་ཕན་སློབ་ཁྲིད། དེ་བཞིན། རྒན་གསོ་ཁང་ལ་དྲོ་སྐྱིད་སྟེར་བའི་བྱེད་སྒོ་མང་དག་ཅིག་སྤེལ་བ་རེད།

མཚོན་རྟགས་ངོ་སྤྲོད།

[རྩོམ་སྒྲིག]

གངས་རྒོད་སྤྲོ་སྐྱིད་གླིང་གི་མཚོན་རྟགས་ལས་སྒོར་དབྱིབས་ཀྱིས་ལེགས་སྒྲུབ་མཚོན་ཞིང་། བྱ་རྒོད་ལྡིང་འཁོར་གྱིས་ཕུགས་བསམ་ལ་སྙེགས་པའི་རྣམ་པ་དང་། འགྲན་ཕོད། ཐོད་བརྒལ་སོགས་མཚོན། སྒང་འོག་གི་ཟུང་ངེར་འཁོད་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱིས་རྒྱལ་ཡོངས་མི་རིགས་ཀྱི་མཐུན་སྒྲིལ་མཚོན། གཡས་གཡོན་གྱི་ཚེག་གཉིས་ཀྱིས་སྙོམས་ཆ་མཚོན་པ་ལ། དགའ་སྐྱོའི་གནས་ཚུལ་གང་འཕྲད་ནའང་སེམས་ལ་སྙོམས་ཆ་དགོས་པར་བཤད། གཟུགས་ཤེས་ཀྱི་བཏང་སྙོམས་དེ་ཡང་བྱ་གཞག་ལེགས་སྒྲུབ་ཀྱི་གནད་འགག་ལྟ་བུ་ཡིན་པའང་བཤད།

ཚོགས་པའི་སྒྲུབ་འབྲས།

[རྩོམ་སྒྲིག]

བོད་ཡིག་དྲི་བ་ཀུན་འདུས།

[རྩོམ་སྒྲིག]

སྤྱི་ལོ་༢༠༡༥ལོའི་ཟླ་༡པོར་ཤར་གཏོང་བྱས། བོད་ཡིག་བརྡ་འཕྲིན་ལག་གིས་ལག་རྩལ་མཁོ་སྟོན་གནང་ཞིང་། གངས་རྒོད་སྤྲོ་སྐྱིད་གླིང་གིས་ཕྱི་ཕྱོགས་སུ་སྤེལ། མིག་སྔའི་བོད་ཀྱི་དྲི་བའི་རྣམ་པའི་ཐོག་ཀྱི་དྲ་ཚིགས་ཤིག་རེད། ཐེང་ཤུན་དང་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་རུ་དྲ་མིང་ཐོ་འགོད་བྱས་ཤིིང་། པེ་ཅིན་དུ་དྲ་ཚིགས་གཉེར་བའི་ཆོག་མཆན་ཡི་གེ་ཡང་ལེན་གནང་པ་རེད། གཞན་ད་དུང་ཐུ་བྷོད་དྲི་བ་ཀུན་འདུས་ཞེས་པའི་དྲ་ཚིགས་ཤིག་ཀྱང་ཡོད་རེད། བྱེད་ནུས་ཕེལ་ཆེར་གངས་རྒོད་དྲི་བ་ཀུན་འདུས་དང་གཅིག་པ་རེད།

གངས་རྒོད་སྤྲོ་སྐྱིད་གླིང་གི་རང་འདུན་པའི་སྒྲིག་འཛུགས།

[རྩོམ་སྒྲིག]

སྤྱི་ལོ་༢༠༡༥ལོའི་ཟླ་༡པོར་ཚུགས་པའི་བོད་རིགས་སློབ་ཆེན་སློབ་མའི་རང་མོས་ཀྱིས་བཙུགས་པའི་སྤྱི་ཕན་རང་བཞིན་གྱི་སྒྲིག་འཛུགས་ཤིག དེ་ག་ཚོགས་པས་ཁེ་ཕན་དང་སྙན་གྲགས་ལ་མི་གཙོ། མི་གཞན་ལ་ཞབས་ཞུ་སྒྲུབ་པ་ཁོ་ན་གཙོ་ཞེས་པའི་ཞབས་ཞུའི་རྩ་དོན་ཁོ་ན་བཟུང་ནས། བོད་ཀྱི་མཐའ་མཚམས་གྲོང་གསེབ་ཀྱི་བུ་ཕྲུག་དང་ཞིང་འབྲོག་པ་ལ་རོགས་ཕན་མཛད་གིན། དེ་བཞིན། ལེགས་སྐྱེས་འབུལ་གནང་། མཛའ་བརྩེ་རྣམ་དག ཕར་རོགས་ཚུར་རོགས། ཡར་ཐོན་ཡར་རྒྱས་ཀྱི་རང་འདུན་པའི་ཞབས་ཞུ་སྙིང་སྟོབས་ཚད་དུ་བཟུང་ནས་ཞིང་འབྲོག་པ་ལ་དྲོ་སྐྱིད་ཅིག་སྟེར་གིན་ཡོད་རེད།
བོད་ལྗོངས་རྣམ་གླིང་རྫོང་གི་སྐབས་དང་པོའི་༼དཔེ་ཀློག ཡར་རྒྱས། ཕུགས་བསམ་སྙིགས་པ་༽ཞེས་པའི་ཁ་བྱང་འོག དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་སྒོ་ལེགས་སྒྲུབ་ངང་མཛད་སྤེལ་གནང་བ་རེད།

གངས་ལྗོངས་མཐོ་སློབ་ལྷན་ཚོགས།

[རྩོམ་སྒྲིག]

དེ་ནི་སྤྱི་ལོ་༢༠༡༥ལོའི་ཟླ་༡༡ཉིན་ལ་བཙུགས་པ་དང་། མཐོ་སློབ་ནང་གི་བོད་རིགས་སློབ་མས་ཚུགས་པའི་སྒྲིག་འཛུགས་ཁག་ཕན་ཚུན་གྱི་འབྲེལ་འདྲིས་དང་སློབ་སྦྱོང་ལ་སྟབས་བདེ་བསྐྲུན་ཡོད་རེད། དེ་བས་བོད་རིགས་སློབ་མ་མི་རེ་ངོ་རེ་ལ་རང་ཉིད་ཀྱི་འཇོན་ནུས་སྟོན་པའི་སྟེགས་བུ་ཞིག་དང་། མ་ཟད་སློབ་ཆེན་སློབ་མའི་ཆེད་ལས་ཀྱི་གཞུང་ལུགས་ཤེས་བྱ་དེ་དག་ཀྱང་བོད་པའི་རིག་གནས་ཀྱི་དུས་སྟོན་ཁག་ཏུ་ཟུང་འབྲེལ་ལྟ་བུ་ཞིག་ཆགས་ཐུབ་ལ། ཞོར་དུ། སློབ་ཆེན་སློབ་མའི་མཐོང་རྒྱ་ཡང་ཆེ་རུ་འགྲོ་གི་རེད། བོད་དུ་འགྲོ་མོས་ཡོད་པའི་མི་སྣ་ཁག་གིས་ཀྱང་དེ་གའི་ས་གནས་སུ། བོད་ཀྱི་བདེ་སྐྱིད་ཚོར་ཐུབ་གི་རེད།

སྒྲིག་འཛུགས་ཀྱི་འབོད་ཚིག

[རྩོམ་སྒྲིག]

གཞན་ཕན་གྱི་བྱ་བ་ལ། ངས་དཔེ་སྟོན་མཛད་ཅེས་དང་། ཁེ་ཕན་དང་སྙན་གྲགས་ལ་མི་གཙོ། མི་གཞན་ལ་ཞབས་ཞུ་སྒྲུབ་པ་ཁོ་ན་གཙོ་ཞེས་སོ། གངས་རྒོད་སྤྲོ་སྐྱིད་ཁང་གི་འཕྲིན་སྟེགས་ཀྱི་ཨང་གྲངས། tibet---xueying
གངས་ལྗོངས་མཐོ་སློབ་ལྷན་ཚོགས་ཀྱི་དྲ་གནས། www.tbstu.com
བོད་ཡིག་དྲི་བ་ཀུན་འདུས་ཀྱི་དྲ་གནས། www.xyhlq.com