Jump to content

ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ་

ཡོང་ཁུངས་Wikipedia

ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ་ ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1163 ལོར་ཡུལ་འཆུམས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1220 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་དབང་དང་གདམས་ངག་མང་དུ་ཞུས། དགུང་ལོ་བཅུ་བཞི་པར་སྐྱོ་སྟོན་བྱང་ཆུབ་རིན་ཆེན་ལས་རབ་ཏུ་བྱུང་ཞིང་མཚན་ལ་རིན་ཆེན་སེང་གེ་ཞེས་གསོལ། འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། དགུང་ལོ་བཅུ་དགུ་པར་ཀ་བ་དར་སེང་དང་། དཔལ་ཆེན་རྡོར་གཞོན། གླན་ཚུལ་ཁྲིམས་བྱང་ཆུབ་བཅས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་སུམ་ཅུ་སོ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1200 ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་སྤངས་ཐང་སྟོད་ཀྱི་གདན་ས་དང་སྦྲགས་མ་མཛད་ནས་ལོ་ངོ་ཉི་ཤུ་ཐམ་པའི་རིང་དུ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པ་མཛད་དོ། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་ལྔ་བཅུ་ང་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཀམ་ཀམ་གྱི་གདན་རབས་གསུམ་པ་ཡིན་ནོ།།