ཁྲུས་དམིགས་
མཐོང་རིས་
དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙ་ན་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་མ་ཧཱ་ཨ་དརྴ་ཛྙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཧཱ་ས་མ་ཏཱ་ཛྙ་ན་ཨ་བྷི་ཥིཉྩ་སྭཱ༔ ཨོཾ་མ་ཧཱ་པྲ་ཏྱེ་བིཀྵ་ཎ་ཛྙ་ན་ཨ་བྷི་ཥིཉྩ་ཨཾ༔ ཨོཾ་མ་ཧཱ་ཀྲི་ཏྱཱ་ནུཥྛ་ན་ཛྙ་ན་ཨ་བྷི་ཥིཉྩ་ཧཱ༔ ཞེས་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱིས་སྦྱོར་བས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར་ཏེ་ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ