ཁྲི་པི་གཡུལ་འགྱེད།

ཡོང་ཁུངས་Wikipedia
ཁྲི་པི་གཡུལ་འགྱེད་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

སྤྱི་ལོ་༢༠༨ལོར་ཚའོ་ཚའོ་ཡིས་བྱང་ཕྱོགས་གཅིག་གྱུར་བྱས་རྗེས་དམག་འབུམ་༢ལྷག་ཁྲིད་དེ་ལྷོ་ཕྱོགས་སུ་དཔུང་འཇུག་བྱས་ཤིང་། དམག་འབུམ་༨་ཡོད་པར་བསྒྲགས་ནས་རྒོལ་ཐེངས་གཅིག་གིས་འབྲི་ཆུའི་ལྷོ་ཕྱོགས་ཞོད་འཇགས་སུ་གཏོང་གྲབས་མཛད། ཚའོ་དམག་འབྲི་ཆུའི་ཁྲི་པི་ཕྱོགས་སུ་འབྱོར་དུས་སུན་ཆོན་དང་ལིའུ་པེའི་མཉལ་འབྲེལ་དམག་དཔུང་གིས་འགོག་རྒོལ་བྱས། དམག་དཔོན་རྒན་པ་ཧོང་ཀེ་ཡིས་མགོ་སྒུར་བར་བརྫུས་ནས་གྲུ་ནང་དུ་བུད་ཤིང་སྐམ་པོས་བཀང་སྟེ་ཚའོ་ཡི་དམག་སྒར་དུ་མེར་བསྒྲོན། སྐབས་དེར་དགུན་གཞུང་ཡིན་ཀྱང་གནམ་གཤིས་གློ་བུར་ཇེ་དྲོར་སོང་ནས་ཤར་ལྷོའི་རླུང་གཡུགས་པར། མེ་གྲོགས་རླུང་གིས་བྱས་ཏེ་ཚའོ་ཡི་དམག་སྒར་མེ་ཡི་རྒྱ་མཚོར་གྱུར་པ་ན། ཀྲོའུ་ཡུས་དང་ཀོན་ཡུས་གཉིས་ཀྱིས་ཕྱོགས་གཉིས་ནས་རྒོལ་རྡུང་བྱས་ཏེ་ཚའོ་དམག་ཆམ་ལ་ཕབ་པས་འབྲི་ཆུའི་བྱང་ཕྱོགས་སུ་ཕྱིར་འཐེན། དེ་ནི་མིང་དུ་གྲགས་པའི་ཁྲི་པི་གཡུལ་འགྱེད་རེད།[༡]

ལོ་རྒྱུས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. ལོ་རྒུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]