ཁྲི་ཐོག་རྗེ་བཙན་
མཐོང་རིས་
ཁྲི་ཐོག་རྗེ་བཙན་ ཁོང་ནི་སྤྱི་ལོའི་དུས་རབས་གསུམ་པའི་དུས་མགོ་ཙམ་དུ་ཡབ་རྒྱལ་པོ་ཁྲི་སྒྲ་དཔུང་བཙན་དང་། ཡུམ་སྨན་བཟའ་ཀླུ་སྟེངས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ལ་གཅུང་པོ་རྒུང་མཐའ་དང་། སྣུབས་མཐའ། འབྲིང་སྙ། སྙ་འབྲིང་བཅས་བཞི་ཡོད་ཀྱང་ཚང་མ་ཐང་མཚམས་སུ་ཕབ། ཐང་མཚམས་ཞེས་པ་ནི་རྒྱལ་པོ་ལས་དམའ་བ་དང་། འབངས་ལས་མཐོ་བ་ཞིག་གི་ཐོབ་ཐང་ཡིན། ཁོང་གི་སྐུ་བོན་ནི་ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མཛད། བཙུན་མོ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་ཞེས་པ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་འཁྲུངས། ཁོང་གི་བང་སོ་གངས་དཀར་རྩེ་ལ་བཏབ། ཁོང་ནི་འོག་གི་བཙན་ལྔ་ལས་བཙན་བཞི་པ་ཡིན་ནོ།།