ཁྲི་ཆེན་བློ་བཟང་སྨོན་ལམ
མཐོང་རིས་
ཁོང་ནི་དགའ་ལྡན་ཁྲི་ཐོག་རེ་གཉིས་པ་རེད། མདོ་སྨད་རྒྱལ་རོང་གི་ཡུལ་སྤྲོ་སྣང་དུ་རབ་བྱུང་བཅུ་གཉིས་པའི་ས་བྱ(སྤྱི་ལོ1729)ལོར་འཁྲུངས། འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུ་དང་སློབ་གཉེར་མཛད། དགུང་གྲངས་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག(སྤྱི་ལོ1784)ལོར་རྒྱལ་རྩེ་ཆོས་རྗེ་དང་། དེའི་ཕྱི་ལོ་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས།།