ཁྲི་ཆེན་བསམ་གཏན་ཕུན་ཚོགས་

ཡོང་ཁུངས་Wikipedia

ཁྲི་ཆེན་བསམ་གཏན་ཕུན་ཚོགས་ནི་དགའ་ལྡན་ཁྲི་ཐོག་ང་བདུན་པ་ཡིན་ཞིང་། དབུས་སྟོད་ཕག་མོ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ1703ལོར་འཁྲུངས། དགེ་བའི་བཤེས་གཉེན་སོགས་ཚུལ་བཞིན་བསྟེན་མཐར་མཁས་པའི་སྙན་གྲགས་བཞེས་པའོ། །

ངོ་སྤྲོད། ཁྲི་ཆེན་བསམ་གཏན་ཕུན་ཚོགས་ནི་དགའ་ལྡན་ཁྲི་ཐོག་ང་བདུན་པ་ཡིན་ཞིང་། དབུས་སྟོད་ཕག་མོ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ1703ལོར་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོར་སྦྱངས་པ་མཐར་ཕྱིན་པར་མཛད། དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ལ་སློབ་གཉེར་གནང་། རིམ་བཞིན་བླ་མ་དབུ་མཛད་དང་། མཁན་པོ། ཤར་བ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅུ་གསུམ་པའི་མེ་གླང་སྤྱི་ལོ1757ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་ཕྱིན་པར་བསྐྱངས། ཁྲི་བའི་ལོ་དུས་ཐིམ་ནས་དབུས་སྟོད་ཕག་མོ་ཆོས་སྡེར་ཟུར་ཞུགས་མཛད། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྤྱི་ལོ1770ལོར་སྐུ་གཤེགས་པའོ། །