ཁྲག་འཁྲུགས་ཀྱི་ནད་དེ་ཇི་ལྟར་བྱུང་བ་དང་དེ་ལ་གཟབ་གཟབ་བྱེད་ཚུལ་

ཡོང་ཁུངས་Wikipedia

ཁྲག་འཁྲུགས་ཀྱི་ནད་ཟེར་བ་དེ། མིའི་ལུས་ཡོངས་ཀྱི་ཁྲག་གི་འཁོར་སྐྱོད་ཀྱི་ཚད་དེར་གཞིགས་ནས་ཚད་མཐོ་བའི་རིགས་ལ་ཟེར་བ་རེད། དེ་ནི། སྙིང་དང་ཀླད་པའི་ཁྲག་རྩར་ཕོག་ཐུག་ཤོར་ཏེ། ཚེ་སྲོག་ལ་ཉེན་ཁ་འབྱུང་ཉེན་ཆེས་ཆེ་བའི་ནད་ཞིག་རེད། དེ་ནི། ཕ་མའི་རྒྱུད་འཛིན་ལས་བྱུང་བ་ཞིག་དང་། རྒྱུན་ལྡན་འཚོ་བའི་ཁྲོད་བཟའ་བཏུང་དང་འགྲོ་འདུག་སྤྱོད་ལམ་ལ་དོ་སྣང་མ་བྱས་པ་ལས་བྱུང་བའི་རིགས་གཉིས་ཡོད། མི་སུ་ཡིན་རུང་།ཁྲག་འཁྲུགས་ཀྱི་ནད་ཀྱི་འབྱུང་རྐྱེན་དང་དེ་སྔོན་འགོག་གི་རྒྱུན་ཤེས་ལ་སློབ་སྦྱོང་བྱས་ནས། སྔོན་ནས་གཟབ་དགོས་པ་ཞིག་རེད།

གཅིག[རྩོམ་སྒྲིག]

ཁྲག་འཁྲུགས་ཀྱི་ནད་དེ་ཕལ་ཆེར་མི་རྒྱགས་པ་ལ་ཕོག་ཡོད་པ་ཞིག་རེད། དེའི་རིགས་ཀྱིས་བཟའ་བཏུང་དང་བྱ་སྤྱོད་ལ་མ་གཟབ་པའི་རྐྱེན་གྱིས་རྒྱགས་པར་ཆགས་ནས། ནད་དེ་ཕོག་པ་རེད། མི་དེ་རིགས་ཀྱིས་རྒྱུན་དུ་སྣུམ་མང་བའི་ཟས་དང་ཚྭ་མང་བའི་ཟས་ཉུང་ཟ་བྱེད་པ་དང་། ཆང་དང་ཐ་མག་གཏན་སྤང་བྱ་དགོས་པ་རེད།

གཉིས།[རྩོམ་སྒྲིག]

བཏུང་ཆུ་ཚད་ལྡན་མིན་པའི་མི་ཚོགས་ལ་ཁྲག་འཁྲུགས་ཀྱི་ནད་ཕོག་ཡོད་པ་རེད། རྒྱུན་དུ། འབག་བཙོག་མེད་པའི་ཁྲོན་པའི་ཆུ་སོགས་བཏུང་ཆུ་གཙང་མ་བཏུང་དགོས་པ་རེད།

གསུམ།[རྩོམ་སྒྲིག]

ལྷན་སྐྱེས་སུ་མཁལ་ནད་ཡོད་པའི་རིགས་ལ་ཁྲག་འཁྲུགས་ཀྱི་ནད་ཕོག་ཡོད་ཤེས་ཆེ་བ་རེད། ནད་པ་འདིའི་རིགས་ཀྱི་ནད་རྟགས་མངོན་གསལ་ཅན་ཞིག་མིན་ནའང་ན། རྒྱུན་དུ་བཟའ་བཏུང་དང་སྤྱོད་ལམ་ལ་གཟབ་དགོས་པ་ཞིག་རེད།

བཞི།[རྩོམ་སྒྲིག]

ལྷད་སྐྱེས་སུ་སྙིང་ནད་ཡོད་པའི་རིགས་ལ་ཁྲག་འཁྲུགས་ཀྱི་ནད་ཕོག་ཡོད་པ་རེད། མི་དེའི་རིགས་ཀྱིས་བཟའ་བཏུང་དང་སྤྱོད་ལམ་ལ་འཛེམ་རྒྱུ་གཞིར་བཞག་བྱས་ནས།ཉིན་རྟག་པར་ལུས་པོར་སྦྱོང་བརྡར་རན་ཙམ་བྱས་ན་ཕན་ཐོགས་ཡོད་པ་རེད།

ལྔ།[རྩོམ་སྒྲིག]

ལས་དོན་སོགས་ཀྱིས་ཁུར་བོ་ལྕི་བའི་མིའི་རིགས་ལ་ཁྲག་འཁྲུགས་ཀྱི་ནད་ཕོག་ཉེན་ཧ་ཅང་ཆེ་བ་རེད། མི་དེའི་རིགས་ཀྱིས་སེམས་ཁམས་ལྷོད་ལྷོད་བྱས་དུས་ཚོད་རན་པའི་སྒོ་ནས་ངལ་གསོ་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད།

དྲུག[རྩོམ་སྒྲིག]

ལུས་པོར་ཀལ་ཡིས་ཚད་མི་འདང་བའི་རིགས་ལ་ཁྲག་འཁྲུགས་ཀྱི་ནད་ཕོག་ཉེན་ཆེ་བས། རྒྱུན་དུ་བཟའ་བཏུང་ཁྲོད་དུ་ཀལ་འདུས་པའི་ཟ་མ་ཟ་རྒྱུར་ཧ་ཅང་གལ་ཆེ་བ་རེད།

བདུན།[རྩོམ་སྒྲིག]

ཕ་མའི་རྒྱུད་འཛིན་རང་བཞིན་གྱིས་ཁྲག་འཁྲུགས་ཀྱི་ནད་ཕོག་ཡོད་པའི་རིགས་ཀྱིས། རྒྱུན་དུ་དཀར་ཟས་ལོངས་སུ་སྤྱོད་རྒྱུ་དང་། ཀལ་(钙)དང་འཚོ་རྩི། (维生素)ཚི་སྣའི་རྩི་(纤维素)མོད་པའི་ཟས་རིགས་བཟའ་བ་དང་། ཐ་མག་དང་ཆང་། སྣུམ་རིགས་མོད་པའི་རིགས་བཟའ་མི་རུང་།