ཁྱུང་ལུང་(རྔུལ)དངུལ་མཁར་
མཐོང་རིས་
འདི་མངའ་རིས་སུ་ཡོད་པར《བོན་གྱི་ཆོས་འབྱུང》ནང་གསལ་བ་མ་ཟད། སྲོང་བཙན་སྒམ་པོའི་སྲིང་མོ་སད་མ་ཀ་ར་ལིག་ཞང་ཞུང་རྒྱལ་པོ་ལ་མནའ་མར་བཏང་རྗེས་སུ་བཙན་པོར་གསོལ་བའི་མགུར་གྱི་ནང་དུ་ཞང་ཞུང་གི་རྒྱལ་ས་ཁྱུང་ལུང་རྔུལ་མཁར་དུ་ཡོད་པར་གསལ་པོར་བཤད་ཡོད། ས་གནས་འདི་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ས་གནས་རུ་ལྔར་ཕྱེ་བ་ན་ཞང་ཞུང་གི་སྟོང་སྡེའི་ས་མཚམས་དབྱེ་འབྱེད་བྱེད་ས་ཡིན། དེང་སང་བོད་རང་སྐྱོང་ལྗོངས་མངའ་རིས་ཀྲོན་ཆུས་རྩ་མདའ་རྫོང་ཁོངས་མདའ་པ་ཆུས་ཁྱུང་ལུང་གྲོང་ཚོ་ཡོད་ས་དེ་ཡིན་ཞེས་ཟེར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།