Jump to content

ཁྱུང་ཚང་ཡེ་ཤེས་བླ་མ་

ཡོང་ཁུངས་Wikipedia

ཁྱུང་ཚང་ཡེ་ཤེས་བླ་མ་ ཁོང་ནི་རབ་བྱུང་གཉིས་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 1115 ལོར་སྟོད་ལུང་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1176 ལོར་སྐུ་གཤེགས། ཁོང་བྱ་འདུལ་ལས་རབ་ཏུ་བྱུང་། རྒྱ་དམར་ལས་བསྙེན་པར་རྫོགས། པ་ཚབ་ལོ་ཙཱ་བ་ལས་དབུ་མ་དང་། བཟད་པ་དབང་རྡོར་ལས་སྤྱོད་ཕྱོགས། རྒྱ་དམར་ལས་ཚད་མ། སེ་སྟོན་ལས་ཕར་ཕྱིན། ཕུག་པ་བ་ལས་རྭ་ལི་དང་འཕགས་སྐོར། ཇོ་བསོད་ལས་བདེ་མཆོག་དང་ཀྲོ་ཀྲྀ་ཡ། ལྷོ་བ་ལས་ཁ་རག་སྐོར། [166] ནད་པ་དང་རྭ་ལོ་ལས་དུས་འཁོར་དང་ནག་འཇིགས། གནམ་འཕར་བ་ལས་བཀའ་གདམས། འཁོན་ཕུ་བ་ལྕམ་སྲིང་ལས་ལམ་འབྲས། རྔོག་ལས་དགྱེས་རྡོར་རྣམས་ལེགས་པར་གསན། འབྲི་སྒོམ་གླིང་ཁ་བ་ལས་གཏུམ་མོ་དང་། སྒྱུ་ལུས། རྨི་ལམ་གྱི་ཁྲིད་རྣམས་གསན། དེ་ནས་རྗེ་རས་ཆུང་པའི་ཞབས་ལ་གཏུགས་ནས་ཞག་དགུ་བཅུ་ཐམ་པ་ལ་སྙན་བརྒྱུད་ཚང་བར་གནང་། ཚོགས་འཁོར་ཡང་དགུ་བཏང་། དེ་ནས་རྗེ་རས་ཆུང་པའི་བཀའ་ལྟར་གནས་ངེས་མེད་དབེན་པའི་རི་ཁྲོད་འགྲིམས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡང་ནས་ཡང་དུ་དར་བར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མ་གཅིག་ཨོང་ཇོ་དང་། དགེ་སྡིངས་པ། མར་སྟོན་ཚུལ་ཁྲིམས་འབྱུང་གནས་བཅས་ཡིན།