Jump to content

ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་

ཡོང་ཁུངས་Wikipedia

ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྨད་ཙམ་དུ་གཙང་རྟ་ནག་ཁུལ་ཁྱུང་པོ་རྩེར་ཡབ་ཁྱུང་རྩེ་ནང་སོ་བསོད་ནམས་འཕེལ་དང་། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན (1469—1544) གྱི་གཅུང་པོ་ཡིན། ཁོང་དགུང་ལོ་གཞོན་ནུའི་དུས་ནས་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར་རོ། །ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི《ཕར་ཕྱིན་གྱི་མཐའ་དཔྱོད་སྐལ་བཟང་མགུལ་རྒྱན》དང་། 《ཟབ་མོ་རྟེན་འབྲེལ་གྱི་རྣམ་གཞག་མཁས་པ་དགྱེས་པའི་འཛུམ་ཞལ》། 《དྲང་ངེས་རྣམ་འབྱེད་ཀྱི་ཐལ་འཕྲེང་ཕས་རྒོལ་འཇོམས་པའི་གནམ་ལྕགས་མཁས་པའི་བློ་མཚོ་འཕེལ་བའི་ལེགས་བཤད་ཀྱི་ཆུ་རྒྱུན》བཅས་པོད་ཆུང་གཅིག་བཞུགས་སོ།།