ཁྱུང་པོའི་བརྒྱུད་འཛིན་
མཐོང་རིས་
བོད་དུ་བསྟན་པ་ཕྱི་དར་གྱི་སྐབས་དར་རྒྱས་ཆེ་བའི་བཀའ་བརྒྱུད་ཆོས་ལུགས་ལ་མར་པའི་བརྒྱུད་འཛིན་དང་ཁྱུང་པོའི་བརྒྱུད་འཛིན་གཉིས་བྱུང་ཞིང༌། ཁྱུང་པོའི་བརྒྱུད་འཛིན་ཏེ། ཁྱུང་པོ་རྣལ་འབྱོར་ནས་རིམ་བཞིན་དར་རྒྱས་བྱུང་བའི་བཀའ་བརྒྱུད་ཤངས་པ་བཀའ་བརྒྱུད་ཅེས་ཐོགས་པ་དེ་ཡིན། དེ་སྐོར་གཤམ་གྱི་ཤངས་པ་བཀའ་བརྒྱུད་ཅེས་པའི་ཚིག་འགྲེལ་ལ་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།