ཁྱུང་པོ་རྩེ་བ་
མཐོང་རིས་
ཁྱུང་པོ་རྩེ་བ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བན་བོན་གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་པ་བྱུང་སྐབས་ཁོང་གིས་བོན་ཆོས་ཀྱི་ཁ་འཛིན་དང་ཤགས་འདེབས་པ་མཛད་ནས་རྩོད་པ་ལས་བོན་ཆོས་ཁུངས་ངན་ཞིང་གཏན་ཚིགས་ཆུང་བ་དང་། བན་ཆོས་ཏེ་སངས་རྒྱས་ཆོས་ལུགས་ནི་ཁུངས་བཙན་ལ་གཏན་ཚིགས་རྒྱ་ཆེ་བས་ཕྱིན་ཆད་བོད་དུ་བོན་ཆོས་དོར་ནས་བན་ཆོས་ཏེ་སངས་རྒྱས་ཆོས་ལུགས་བྱའོ་ཞེས་ཁ་འཆམས་ཏེ་རྒྱལ་ཁམས་ཀུན་ལ་དྲིལ་བསྒྲགས་སོ།།