Jump to content

ཁྱུང་པོ་བློན་མེས་ཀོལ་

ཡོང་ཁུངས་Wikipedia

ཁྱུང་པོ་བློན་མེས་ཀོལ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དཔང་པོ་དང་། དམག་དཔོན། ཕྱི་བློན་བཀའ་ལ་གཏོགས་པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི《བཀའ་གཙིགས》ལས་གསལ་བ་དང་ 《བཀའ་གཙིགས》ཀྱི་མ་ཡིག་ཆ་ཚང་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འཁོད་འདུག་གོ།