Jump to content

ཁྱུང་པོ་དཀར་ནག་སེར་གསུམ་

ཡོང་ཁུངས་Wikipedia

རྒན་རབས་ཀྱིངག་རྒྱུན་ལ། བོད་ཀྱི་རུས་རྒྱུད་ཁྱུང་པོའི་རིགས་རྣམས་ཀྱི་མི་རྒྱུད་དང་པོ་ཁྱུང་གི་སྒོ་ང་དཀར་པོ་དང༌། ནག་པོ། སེར༌པོ་གསུམ་བྱུང་བ་ལས། དཀར་པོ་མངའ་རིས་སུ་ཆགས་པ༌ལས་མངའ་རིས་ཀྱི་ཁྱུང་པོ་དང༌། ནག་པོ་གཙང་དུ་འཕུར་བ་ལས་གཙང་སྟོད་ཀྱི་ཁྱུང་པོ། སེར་པོ་ཁམས་སུ་འཕུར་བ༌ལས་ཁྱུང་པོ་སེར་ཚ་ཞེས་བར་ཁམས་སོགས་ཁུལ་གྱི་ཡུལ་མི༌རྣམས་བྱུང་ཞེས་བཤད་སྲོལ་ཐོས་པ་ལས་ཡིག་ཆ་བདག་གིས་མ་མཐོང་ལགས། གཞན་ཡང་ནག་ཆུ་ས་ཁུལ་ཁོངས་སོག་རྫོང་དང་ཉེ་བའི་སར་སྔར་བོན་ཆོས་དར་ས་གཙོ་བོའི་གྲས་ཏེ་ཁྱུང་པོ་དཀར་ནག་སེར་གསུམ་ཟེར་བ་ཞིག་ཡོད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

དུང་དཀར་ཚང་ནོར་འདུག ཁྱུང་པོ་དཀར་ནག་གསེར་གསུམ་ནི། ཁྱུང་པོ་གསེར་ཚ་དང་། ཁྱུང་པོ་དཀར་རུ། ཁྱུང་པོ་ནག་རུ་གསུམ་ལ་ཁྱུང་པོ་དཀར་ནག་སེར་གསུམ་ཟེར། ཁྱུང་པོའི་མི་རིགས་འབྱུང་ཁུངས་ཁྱུང་གི་སྒོ་ང་གསུམ་ལས་བྱུང་འདོད་ཅིང་། ཁྱུང་པོ་སྟོད་སྨད་བར་གྱི་ཁྱུང་ཉལ་ལ་ཞེས་པ་དེར་སྔར་ཁྱུང་གི་ཚང་བཅས་ཤིང་དེར་སྒོ་ང་གསུམ་བྱུང་བའི་གཏམ་རྒྱུད་ཡ་མཚན་པོ་བཤད་ཡ་ཡོད།