Jump to content

ཁྱུང་པོ་ཆོས་བརྩོན་

ཡོང་ཁུངས་Wikipedia

ཁྱུང་པོ་ཆོས་བརྩོན་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། རབ་བྱུང་དང་པོའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1076 ལོར་རྔོག་བློ་ལྡན་ཤེས་རབ་དང་། རྭ་ལོ་རྡོ་རྗེ་གྲགས་པ། གཉན་ལོ་དར་མ་གྲགས་པ། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་ཁ་ཆེར་སློབ་གཉེར་ཕེབས། དེ་རྗེས་བལ་ཡུལ་དང་རྒྱ་གར་སོགས་སུ་བྱོན་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན་པ་དང་། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་ཐོས་བསམ་གནང་སྟེ་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་བསྡུས་པ》དང་། 《དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་པའི་གཟི་བརྗིད་ཀྱི་རྒྱལ་པོ》། 《གསལ་བའི་སྒྲོན་མ》། 《ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དོན་བསྡུས་པ》། 《ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐའ་ཀླས་པར་ཁྱབ་པ》བཅས་བཞུགས་སོ།།