Jump to content

ཁྱུང་གཤོག་གཡོན་པར་ཁྲོ་མོ་དྲུག་ཅུ་

ཡོང་ཁུངས་Wikipedia

གཡོན་གྱི་གཤོག་ཟུར་དང་པོར་སྲོག་རྩའི་མ་མོ་བདུན་ཤར་ཏེ། ཆགས་བྱེད་མ་དང་ཆ་སྙོམས་གཉིས། ནམ་མཁའི་རྒྱལ་མོ་ནེ་ཚན་གཉིས(རྡོ་རྗེ་གར་དབང་དང་དབང་ཕྱུག་མ་གར་དབང་གཉིས)རིན་ཆེན་སྲིད་འདེགས་གླིང་བཞི་སྦྱི་ཕུད་མ། འདོད་ཁམས་གཙོ་མོ། གཡོན་གྱི་གཤོག་ཟུར་གཉིས་པར་ཨེ་ཀ་དྲག་མོ་སྤུན་དྲུག་སྤྲུལ་ཏེ། ཨེ་ཀ་ཙ་ཏི་ཙ་ར་གཉིས། གྲུ་འདེགས་མ་བཞི་དང་དྲུག་གོ། གཡོན་གྱི་གཤོག་ཟུར་གསུམ་པར་སྲིན་མོ་འབར་མ་བདུན་ཤར་ཏེ། སྲིན་མོ་ཀམ་པ་མོ། ཕོར་ཐོག་མོ། གཡང་བཞི་མོ། ཟ་བ་མོ། གསོད་བྱེད་མོ། ཟ་བྱེད་མོ། དྲི་མ་སྣོམ་བྱེད་མ། གཡོན་གྱི་གཤོག་རྫུར་བཞི་པར་གདོང་མོ་བཞི་སྟེ། སྟག་སྲིན་ཟོར་བ་གདོང༌། བམ་སྲིན་དྲེད་མོ་གདོང༌། རྐང་སྲིན་བན་གླིང་གདོང༌། འབྲོན་སྲིན་ཆུ་སྲིན་གདོང༌། རྒྱལ་མོ་ལྔ་སྟེ། སྣམ་སྣང་གསལ། ཡང་གསལ་གཡོས། བཀྲག་གསལ་མ། སྙན་གསལ་མ། དུས་ཀྱི་རྒྱལ་མོ་བཞི་སྟེ། དབྱར། དགུན། སྟོན། དཔྱིད་བཞིའི་རྒྱལ་མོའོ། །གཡོན་གྱི་གཤོག་ཟུར་ལྔ་པར་དབང་ཕྱུག་མ་ཉེར་བརྒྱད་གནས་སོ། །ཁྱུང་གི་མཇུག་སྒྲོ་བརྒྱད་པོར་དམག་གི་རྒྱལ་མོ་བཞི་སྟེ། དཀར་མོ་མཆེ་གཙིགས་མ། ནག་མོ་ཁ་འབྱམས་མ། དམར་མོ་མཆུ་འཇིབ་མ། སེར་མོ་རྐང་མགྱོགས་མ་དང༌། གདོང་མོ་བཞིའམ་སྒོ་མ་བཞིའོ། །ཁྱུང་གི་སྒལ་ཚིགའཁོར་ལོ་ལ་སྲིད་པའི་མོ་རྒྱུད་བཅུ་དྲུག་གནས་ཏེ། དཀར་མོ་མིག་གཅིག་ཞེ་སྡང་ཅན། ཁྱབ་འཇུག་འཁོར་ལོ་ཞེ་སྡང་ཅན། བརྒྱ་བྱིན་སེར་སྐྱ་ཞེ་སྡང་ཅན། སྐོས་རྗོ་དྲང་དཀར་གཏི་མུག་ཅན། འབྱུང་རིས་སྤུན་དགུ་གཏི་མུག་ཅན། ཀཱ་ལ་ཡཀྴ་གཏི་མུག་ཅན། ས་བདག་ཕག་མགོ་འདོད་ཆགས་ཅན། ཀླུ་བདག་དྲེགས་པ་འདོད་ཆགས་ཅན། ནོར་ལྷ་ཆེན་པོ་འདོད་ཆགས་ཅན། རྒྱལ་ཆེན་རིགས་བཞི་ང་རྒྱལ་ཅན། གཤིན་རྗེ་འཇོམས་བྱེད་ང་རྒྱལ་ཅན། རུ་ཏྲ་གདུག་རྩུབ་ང་རྒྱལ་ཅན། ཚངས་པ་ཆེན་པོ་ཕྲག་དོག་ཅན། འབྲིང་གི་རི་རི་ཕྲག་དོག་ཅན། དགའ་བྱེད་དབང་ཕྱུག་ཕྲག་དོག་ཅན། བྱང་སྲིན་དམར་མོ་རྒྱུ་ཅན་ནོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།