ཁྱུང་གཤོག་གཡས་པར་ཁྲོ་བོ་ལྔ་བཅུ་ང་དྲུག་
ཁྱུང་གཤོག་གཡས་པར་ཁྲོ་བོ་ལྔ་བཅུ་ང་དྲུག་གཤོག་ཟུར་དང་པོར་སྟེང་གི་ཁྲོ་བོ་བཅུ་སྟེ། ཁྲོ་བོ་ཆེན་པོ་འཇིགས་བྱེད་ཧཱུཾ་སྒྲ་ཅན། ཁྲོ་བོ་ཆེན་པོ་གནོད་མཛེས་རྒྱལ་པོ། ཁྲོ་བོ་ཆེན་པོ་མེ་ལོང་སྣང་བྱེད། ཁྲོ་བོ་ཆེན་པོ་ཡོན་ཏན་སྙིང་པོ། ཁྲོ་རྒྱལ་གཟི་ལྡན་འབར་བ། ཁྲོ་ཆེན་ལྷུན་གྲུབ་སྣང་བྱེད། ཁྲོ་ཆེན་མེའི་འཁོར་ལོ་ཆེན་པོ། ཁྲོ་ཆེན་སྐྱོད་བྱེད་རླུང་གི་ཞགས་པ་ཅན། ཁྲོ་ཆེན་གཟི་བརྗིད་འབར་བ་ཅན། ཁྲོ་ཆེན་ཟ་བྱེད་བརྟུལ་ཞུགས་ཆེན་པོ། གཤོག་ཟུར་གཉིས་པར་གསང་བའི་ཁྲོ་བོ་བཅུ། ཧཱུཾ་ཀ་ར་དཀར་སེར་ཐོ་བ་བསྣམས་པ། རྣམ་རྒྱལ་དཀར་པོ་ནེའུ་ལེ་བསྣམས་པ། དབྱུག་པ་སྔོན་པོ་བེ་ཅོན་བསྣམས་པ། གཤིན་རྗེ་སེར་ནག་ཞགས་པ་བསྣམས་པ། མི་གཡོ་མཐིང་ནག་རལ་གྲི་བསྣམས་པ། རྟ་མགྲིན་རྒྱལ་པོ་སྦྲུལ་ཞགས་བསྣམས་པ། འདོད་རྒྱལ་དམར་སྐྱ་སྡིག་མཛུབ་ཅན། བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་བསྣམས་པ། ཁམས་གསུམ་རྣམ་རྒྱལ་ལྗང་ནག་སྡིག་མཛུབ་ཅན། སྟོབས་ཆེན་དུད་ཁ་གཏུན་ཤིང་བསྣམས་པ། གཤོག་ཟུར་གསུམ་པར་སྤྱི་དཔལ་གྱི་ཁྲོ་བོ་བཅུ་སྤྲུལ་ཏེ། ཁྲོ་བོ་གར་པའི་ལའི་རྒྱལ་པོ། ཁྲོ་རྒྱལ་འཇིགས་བྱེད། ཁྲོ་རྒྱལ་པད་མ་གར་དབང༌། ཁྲོ་རྒྱལ་གར་མཛད་རྒྱལ་པོ། ཁྲོ་རྒྱལ་དྲེག་པའི་རྒྱལ་པོ། ཁྲོ་རྒྱལ་སྲིན་པོ་འཇོམས་བྱེད། ཁྲོ་ཆེན་སྐྱོད་བྱེད་རྒྱལ་པོ། ཁྲོ་ཆེན་གསོད་བྱེད་རྒྱལ་པོ། འཇིགས་བྱེད་སྐྱབས་ཀྱི་རྒྱལ་པོ། ཁྲོ་ཆེན་དུར་འཇིགས་རྒྱལ་པོ། གཤོག་ཟུར་བཞི་པར་རྫོགས་ཆེན་ཁྲོ་བོ་བཅུ། ཁྲོ་ཆེན་བྱི་ནུ་འཇོམས་པའི་རྒྱལ་ས། ཁྲོ་བོ་སྟོབས་བཟང་འཛིན་མགོན། ཁྲོ་བོ་གཟི་ལྡན་འོད་ཟེར་མགོན། འཇིགས་བྱེད་འོད་ཀྱི་འགེངས་པ། སྟོང་གསུམ་ཁྱབ་བྱེད། ཁྲོ་ཆེན་ཧཱུཾ་སྒྲ་ཅན། ཁམས་གསུམ་ཡོངས་སྒྲོལ། འཇིགས་བྱེད་སྐར་མདའ་གདོང་། མེ་ཁྱེར་གློག་མ་སྤྲིན། ཁྲོ་ཆེན་ནམ་མཁའི་མདངས་འཕྲོག་གཤོག་ཟུར་ལྔ་པར་ཏ་ཀྲྀཊ་ཁྲོ་བོ་བཅུ་དྲུག་སྟེ། ཆེ་མཆོག་གསུང་གི་འཁོར་ལོ་ལ། གདོང་ཅན་གྱི་ཁྲོ་བོ་བཅུས་བསྐོར་ཏེ། དེ་ལ་ཏ་ཀྲྀཊ་ཁྲོ་བོ་བཞི་ཡོད་དེ། ཤར་དུ་འཇིགས་བྱེད་སྟག་གི་གདོང་ཅན། ལྷོར་གཟིག་གི་གདོང་ཅན། ནུབ་ཏུ་དྲེད་ཀྱི་གདོང་ཅན། བྱང་དུ་སྤྱང་ཀིའི་གདོང་ཅན་ནོ། །ཆེ་མཆོག་ཐུགས་ཀྱི་འཁོར་ལོ་ལ། གསང་བའི་ཁྲོ་བོ་ཆེན་པོ་བཅུས་བསྐོར་ཏེ། སྒོ་བ་བཞི་སྟེ། ཤར་དུ་ཁྲའི་མགོ་ཅན། ལྷོར་ཀང་ཀའི་མགོ་ཅན། ནུབ་ཏུ་བྱ་རོག་གི་མགོ་ཅན། བྱང་དུ་པུ་ཤུད་ཀྱི་མགོ་ཅན་ནོ། །ཆེ་མཆོག་སྐུའི་འཁོར་ལོར་སྤྱི་དཔལ་ཁྲོ་བོ་བཅུས་བསྐོར་ཏེ། ཏ་ཀྲྀཏ་སྒོ་བ་བཞི་སྟེ། ཤར་དུ་འཇིགས་བྱེད་ཉི་མའི་འོད་ཟེར་ཅན་དང༌། ལྷོར་ཆུ་འཁོར་ཅན་དང༌། ནུབ་ཏུ་མེ་འཁོར་ཅན། བྱང་དུ་རྡོ་རྗེ་འབར་བའོ། །ཆེ་མཆོག་ཡོན་ཏན་གྱི་དཀྱིལ་འཁོར་ལ་རྫོགས་ཆེན་གྱི་ཁྲོ་བོ་བཅུས་བསྐོར་ཏེ། དེར་སྒོ་བཞི་ཡོད་དེ། ཤར་ཕྱོགས་འཇིགས་བྱེད་དྲི་ཟ་སྟོང༌གསུམ་འཛིན། ལྷོ་ཕྱོགས་གཤིན་རྗེ་སྟོང་གསུམ་གྲགས། ནུབ་ཕྱོགས་འཇིགས་བྱེད་ཁྲག་གི་རྒྱ་མཚོ་བསྐུལ་བ། བྱང་ཕྱོགས་འཇིགས་བྱེད་ཁྲག་གི་ལག་ཆ་ཅན་ནོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།