ཁྱིམ་དུ་འདུག་ཚུལ་དགུ་
མཐོང་རིས་
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་པ་རྣམས་ཀྱིས་གཞན་གྱི་ཁྱིམ་དུ་འགྲོ་སྐབས་དོ་སྣང་བྱ་དགོས་པ་དགུ་སྟེ། ༡སྦྱིན་བདག་གིས་འདིར་བཞུགས་ཞེས་བཀོད་སྒྲིགས་བྱེད་མཁན་མེད་པར་གྱ་ཚོམས་སུ་འདུག་པ། ༢རང་ཉིད་གདན་སོགས་ཀྱི་སྟེང་དུ་མ་བསྡད་གོང་ཉེ་འཁོར་དུ་བརྟག་དཔྱད་ལེགས་པར་མ་བྱས་པར་འདུག་པ། ༣གདན་གྱི་སྟེང་དུ་དལ་བུས་མ་བསྡད་པར་གཟུགས་པོའི་ལྗིད་ཕབས་སྟེ་ལིངས་ཀྱིས་འདུག་པ། ༤རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་འདུག་པ། ༥བརླའི་སྟེང་དུ་བརླ་བཞག་སྟེ་འདུག་པ། ༦ལོང་བུའི་སྟེང་དུ་ལོང་བུ་བཞག་ཏེ་འདུག་པ། ༧བྱིན་པ་དང་རྐང་པ་རྒྱང་ཐག་རིང་པོར་ཁྲལ་ཏེ་འདུག་པ། ༨རྐང་པ་གདན་དང་ཁྲིའི་འོག་ཏུ་བཀུག་སྟེ་འདུག་པ། ༩འདོམ་གྱི་གནས་མཐོང་བར་བྱས་ཏེ་འདུག་པ་བཅས་འདུག་ཚུལ་དགུ་པོ་དེར་ཉེས་པ་ཆེན་པོ་ཡོད་པར་བཤད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།