Jump to content

ཁྱིམ་དུ་འགྲོ་བ་ཉི་ཤུ་

ཡོང་ཁུངས་Wikipedia

མ་བསྡམས་པར་འཇུག་པ། གོས་ལེགས་པར་མ་བགོས་པར་འཇུག་པ། ཅ་ཅོའི་སྒྲ་མ་བསྐྱུངས་པར་འགྲོ་བ། མིག་གཡེངས་ཏེ་འགྲོ་བ། དགོས་མེད་དུ་གཉའ་ཤིང་གང་ལས་ལྷག་པར་ལྟ་ཞིང་འགྲོ་བ། མགོ་རས་སོགས་ཀྱིས་གཡོགས་ཤིང་འགྲོ་བ། ཆོས་གོས་བརྗེས་ཏེ་འགྲོ་བ། ཆོས་གོས་ཕྲག་པ་གཉིས་ཀར་གཟར་བ། ལག་པ་གཉའ་གོང་དུ་བསྙོལ་བ། ལག་པ་ལྟག་པར་བསྣོལ་བ། མཆོང་ཞིང་འགྲོ་བ། སྒྱིད་པ་བརྐྱངས་སྐུམ་བྱེད་ཅིང་འགྲོ་བ། ཙོག་པུས་འགྲོ་བ། རྟིང་པ་བཏེགས་ཏེ་བྲང་བས་འགྲོ་བ། གྲུ་མོ་སྙུང་བོར་བྱས་ཏེ་འགྲོ་བ། ལུས་བསྒྱུར་ཅིང་འགྲོ་བ། ལག་པ་ཀྱོག་ཅིང་འགྲོ་བ། མགོ་བསྒྱུར་ཅིང་འགྲོ་བ། གཞན་དང་ཕྲག་པ་གཉིས་སྤྲད་ཅིང་འགྲོ་བ། གཞན་དང་ལག་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།