ཁྱི་རྒྱལ་པོ་ཀུ་ཀུ་རཱ་ཛ་
མཐོང་རིས་
གྲུབ་ཆེན་བརྒྱད་ཅུའི་ནང་གསེས་ཀུ་ཀུ་རཱ་ཛ་ཞེས་སུ་གྲགས་པ་དེ་ཡིན་ཅིང༌། མཚན་གཞན་ཀུ་ཀུ་རི་པ་ཡང་ཟེར་ཞིང༌། ལོ་རྒྱུས་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང༌། རང་ཉིད་ཀྱི་ལས་རྒྱ་ཕྱིར་སྤྲུལ་པ་དང་ལྷན་དུ་བཞུགས་ནས་དཔའ་བོ་དང་མཁའ་འགྲོར་ཆོས་སྟོན་ཅིང༌། མཚན་མོ་མཁའ་འགྲོ་མ་དང་ལྷན་ཅིག་ཏུ་དུར་ཁྲོད་དུ་གཤེགས་ནས་ཚོགས་འཁོར་དང་དམ་ཚིག་གི་ཀུན་སྤྱོད་མཛད་པས་ལོ་བཅུ་གཉིས་སོང་བ་ན་གྲུབ་པ་ཐོབ། སློབ་དཔོན་འདིས་སངས་རྒྱས་མཉམ་སྦྱོར་གཙོ་བོར་འཆད་སྤེལ་མཛད་ཅིང༌། 《གསང་དོན་རྣམ་དྲུག》སོགས་བསྟན་བཅོས་མང་པོ་མཛད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།