ཁྱབ་འཇུག་ཁྱུང་ཞོན་
མཐོང་རིས་
བལ་ཡུལ་དང་རྒྱ་གར་སོགས་སུ་ལྷ་ཆེན་པོ་ཁྱབ་འཇུག་ལ་དད་པ་བྱེད་མཁན་མང་བས་བལ་ཡུལ་གྲོང་ཁྱེར་གྱི་ཕྱོགས་བཞི་གར་ལྷ་ཁྱབ་འཇུག་གི་ལྷ་ཁང་ཡོད་ཅིང༌། ཤར་ངོས་ཀྱི་ལྷ་ཁང་གཙང་ཀུན་རརྣ་ཟེར་བ་དེར་ལྷ་ཁྱབ་འཇུཀ་ཁྱུང་ལ་ཞོན་པའི་འདྲ་བརྙན་ཡོད་པ་དེར། གོར་ཁའི་རྒྱལ་བློན་རྣམས་ཀྱིས་མ་ཧེ་དང༌། བ་མེན་སོགས་བརྒྱ་ཕྲག་མང་པོར་མེ་ཏོག་གི་ཕྲེང་བ་གཡོགས་ཤིང་ལི་ཁྲིའི་ཐིག་ལེ་བྱུགས་པ་རྣམས་དུས་གཅིག་ཏུ་བསད་དེ་ཁྲག་མཆོད་བྱེད་ཀྱི་ཡོད་པ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་གཟིགས་འདུག
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།