ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་
མཐོང་རིས་
གཞུང་ལས་སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ། སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ། ད་ལྟའི་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་རྡོ་རྗེ་ཐེག་པ་བྱོན་པའོ། ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་བྱུང་བའི། སངས་རྒྱས་འཇམ་དབྱངས་ཞེས་བྱ་བ་ད་ལྟ་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ། དེས་གསང་སྔགས་རྒྱ་ཆེར་སྟོན་པར་འགྱུར། ཞེས་གསུངས་སོ། །དེ་ཡང་དགོངས་པ་ཅན་ཡིན་ཏེ། པདྨ་བཀའ་ཐང་དང༌། འཇམ་དཔལ་མཚན་བརྗོད་ལས་མང་དུ་འབྱོན་པར་གསུངས་སོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།