Jump to content

ཁྱད་དུ་འཕགས་པའི་གནས་ཆེན་པོ་བཞི་

ཡོང་ཁུངས་Wikipedia

༡བསྟན་པ་ཕྱི་དར་གྱི་འགོ་ཚུགས་སྐབས་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་འཕན་པོ་རྒྱལ་དུ་བཞེངས་པའི་རྒྱལ་ལུགས་ལྷས་ཀྱི་ལྷ་ཁང་ནི་རིན་ཐང་ཆེ་བའི་དངོས་པོ་དང་རྟེན་མང་དུ་བཞུགས་པས་དཀོར་ནོར་གྱིས་ཁྱད་པར་དུ་འཕགས། ༢རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྙེ་མོ་གཞུ་ཡུལ་དུ་བཞེངས་པའི་ཀུན་དགའ་ར་བ་ནི་ཡོན་བདག་བཟའ་མི་སྟོབས་ཆེན་གཉིས་ཀྱིས་བྱས་པས་བཟའ་མིས་ཁྱད་པར་དུ་འཕགས། ༣དགེ་བཤེས་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་སོགས་དགེ་བཤེས་ཕྱེད་དང་བརྒྱད་ཀྱིས་བཞེངས་པའི་ཐང་པོ་ཆེ་དགོན་པ་ནི་བཞེངས་མཁན་མང་ཆེ་བ་དགེ་བཤེས་ཡིན་པས་ཁྱད་པར་དུ་འཕགས། ༤དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་སྣ་ཤུད་ཀྱི་སོ་མཚམས་སུ་བཞེངས་པའི་གྲ་ཐང་ནི་ལྷ་ཁང་གི་བཟོ་བཀོད་ཤིན་ཏུ་ལེགས་པས་ལྷ་ཁང་གིས་ཁྱད་པར་དུ་འཕགས་པ་བཅས་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།