Jump to content

ཁྱ་དགེ་དགོན་

ཡོང་ཁུངས་Wikipedia

མདོ་སྨད་ཁུལ་ཀླུ་ཆུའི་བྱང་རྒྱུད་ཀྱི་དགོན་པ་གྲགས་ཅན་ཞིག་སྟེ། ཁྱ་དགེ་ལེགས་བཤད་གླིང་ཟེར། ཐོག་མར་ཁྱ་དགེ་དཀའ་བཅུ་དོན་ཡོད་རྒྱ་མཚོས་རབ་བྱུང་བཅུ་པའི་མེ་ཕག(༡༥༨༧)ལོར་བཏབ། ཁྱ་དགེ་དཔོན་སློབ་རིམ་བྱོན་གྱིས་དགོན་པ་བསྐྱངས་སྟེ། དགེ་ལུགས་དགོན་པ་བྱིངས་ལྟར་གྱི་ཆོ་ག་ཆ་ཚང་བའི་ཐོག་སྨན་བླ་དང༌། ཚེ་དཔག་ལྷ་དགུ་བཅས་ཀྱི་ཆོ་ག་གཏོང་ཞིང༌། ཁྱ་དགེ་བློ་གྲོས་རྒྱ་མཚོས་དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ཁྱི(༡༧༠༦)ལོར་མ་རྐི་རིལ་སྒྲུབ་ཀྱི་ཆོ་ག་བཙུགས། རབ་བྱུང་བཅུ་བཞི་པའི་ཤིང་སྟག(༡༨༥༤)ལོར་འབྲས་སྤུངས་དང༌། སེ་ར་བྱེས་ཀྱི་ཡིག་ཆའི་ཐོག་ནས་གཞུང་ཆེན་པོ་ལྔའི་སློབ་གཉེར་བྱེད་པའི་སྲོལ་བཙུགས། དགོན་འདིར་བཞུགས་པའི་རྟེན་གསུམ་གཙོ་ཆེ་བ་ཁག་གི་གནས་ཚུལ་མདོར་བསྡུས་ཙམ《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༦༩༣པ་གསལ་བ་དེར་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།