ཁོ་ཧྥེ་དང་བུད་མེད

ཡོང་ཁུངས་Wikipedia

བདེ་ཐང་ཆེད་མཁས་པས། བུད་མེད་ཀྱིས་ཚིག་ཇ་མང་པོ་བཏུང་ན་ལུས་ཁམས་བདེ་ཐང་ལ་གནོད་པ་ལྷག་ཏུ་ཆེ་བའི་སྐོར་གཤམ་གསལ།

==གཅིག== སྙིང་ཁྲག་ཆགས་པའི་ཉེན་ཁ་ཡོད་པ་རེད། ཆེད་མཁས་པས་ར་སྤྲོད་བྱས་པ་ལྟར་ན། བུད་མེད་ཞིག་གིས་ཉིན་རེར་ཚིག་ཇ་ཕོར་བ་ལྔ་ཡང་ན་དེ་བས་མང་འཐུང་ན། བུད་མེད་ཀྱི་སྙིང་ཁྲག་འཁྲུགས་པའི་ཉེན་ཁའི་ཚད་ཧ་ཅང་མཐོ་བ་དང་། ཉེན་ཁའི་ཚད་དེ་ཚིག་ཇ་འཐུང་བ་མང་ཉུང་ལ་ལྟོས་ནས་ཚབས་ཆེན་དུ་འགྱུར་ཉེན་ཡོད་པ་རེད་ཟེར།


==གཉིས།== གཅིན་སྙིའི་ནད་ཕོག་སླ་བ། འཛམ་གླིང་དུ། འཇར་པན་རྒྱལ་ཁབ་ཏུ་ཚིག་ཇ་འཐུང་མི་ཧ་ཅང་དཀོན་པས། གཅིན་སྙིའི་ནད་པའང་ཧ་ཅང་ཉུང་བ་རེད། ཚན་རིག་པས་བརྟག་དཔྱད་བྱས་པ་ལས། ཚིག་ཇའི་ནང་དུ་ཁོ་ཧྤེན་ཟེར་བའི་རྫས་ཞིག་ཡོད་པ་དེ། དེ་མངལ་ལྡན་མའི་གཤེར་རྨེན་བརྒྱུད་ནས་དྭངས་སྙིགས་ཕྱེས་ནས་མངལ་གནས་ཕྲུ་གུའི་མཆིན་པ་དང་། ཀླད་པར་གནོད་པ་ཕོག་ནས། ཕྲུ་གུ་སྐྱེས་རྗེས་དེའི་ལུས་སུ་གཅིན་སྙིའི་ནད་རྟགས་ཡོད་པ་མཇུག་སྡོམ་བྱས་ཡོད།


==གསུམ།== རུས་སོབ་ཀྱི་ནད་ཕོག་ཉེན་ཆེ་བ། ཚན་རིག་པས་བརྟག་དཔྱད་ལས་ར་སྤྲོད་བྱས་པ་ནི། བུད་མེད་གང་རུང་གིས་ཉིན་ལྟར་ཚིག་ཇ་ཕོར་བ་གཉིས་འཐུང་ཞིང་། འོ་མ་ཁམ་གང་ཡང་མི་འཐུང་བའི་བུད་མེད་ཞིག་གི་སྟ་ཟུར་དང་སྒལ་ཚིགས་ཀྱི་ཚགས་དམ་ཚད་ཞན་པ་དང་། དེའི་ཞན་ཚད་ནི་ཚིག་ཇ་འཐུང་ཡུན་དང་མང་ཉུང་ལ་རག་ལས་པ་ཞིག་རེད་ཟེར།


==བཞི།== སྦྲུམ་མས། ཚིག་ཇ་བཏུང་ན་མངལ་གནས་ཀྱི་ཕྲུ་གུར་གནོད་པ་ཆེ་བ་རེད། ཚན་རིག་པས་ཚོད་ལྟ་ལས་བདེན་དཔང་བྱས་པ་དཔེར་ན། ཉིན་ལྟར། མངལ་ལྡན་གྱི་ཙི་གུ་དཀར་པོ་ཞིག་ལ་མི་དར་མ་ཞིག་གིས་བཏུང་བའི་ཚིག་ཇ་ཡི་ཚད་བླུད་པས། ཙི་གུ་དེས་ཡ་མ་གཟུགས་ཅན་གྱི་ཕྲུ་གུ་བཙས་ཡོང་བར་རྒྱུས་ལོན་བྱུང་ཡོད་པ་རེད། ད་རུང་སྦྲུམ་མར་ཁྲག་འཁྲུགས་ནད་དང་སྤྲི་དཀར་དྲི་ཆུའི་ནད་ཡང་ཕོག་ཉེན་ཆེ་བ་རེད།