ཁེངས་པའི་པདྨ་
མཐོང་རིས་
མེ་ཏོག་མང་པོ་མེད་པར་སྡོང་པོའི་རྐང༌རིང་པོ་མེ་ཏོག་གཞན་དག་གི་དཀྱིལ་ནས་མཐོ་བ། ཁེངས་པའི་པདྨ་དེ་ལ་མེ་ཏོག་མང་པོ་མེད་ཀྱང༌། སྡོང་པོའི་རྐང་རིང་བས་མེ་ཏོག་གཞན་ལས་མགོ་མཐོ་བ་བཞིན་དུ། མི་ང་རྒྱལ་ཅན་དེ་ལ་ཡོན་ཏན་མང་པོ་མེད་ཀྱང་ཅུང་ཟད་ཙམ་གྱིས་མཁས་པ་གཞན་ལས་རང་ཉིད་ལྷག་པར་འཛིན་པ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།