ཁེང་རྒོད་དུ་མི་བཏང་
མཐོང་རིས་
ཁེང་ཞེས་པ་ནི་བཙན་པོའི་མངའ་འོག་ཏུ་ཡོད་པའི་རྒྱལ་ཕྲན་གྱི་རྒྱལ་པོ་དང་བློན་པོ་སོགས་དམག་མིའི་ཁོངས་སུ་མེད་པའི་འབངས་མི་སེར་སྤྱིའི་མིང་ཡིན་ཅིང༌། རྒོད་ནི་དམག་མི་རྣམས་ལ་ཟེར་བས་ཁེང་རྒོད་དུ་མི་བཏང་བ་ནི་མངའ་འོག་གི་འབངས་མི་རྣམས་གང་བྱུང་གིས་དམག་ཁྲལ་བསྐུལ་ཏེ་དམག་དཔུང་ནང་དུ་འཇུག་མི་ཆོག་པའི་དོན་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།