ཁེང་མི་ལྡོག་པ་
མཐོང་རིས་
འབངས་ཀྱིས་གྱེན་ལོག་བྱེད་མི་ཆོག་པ་སྟེ། དེ་ཡང་བསམ་འཆར་མི་མཐུན་པ་བཤད་མི་ཆོག་པའི་དོན་མིན་པར་མི་མང་དཔུང་སྒྲིལ་ཁ་མཐུན་བྱས་ཏེ་གོང་རིམ་གྱི་དཔོན་ལ་ངོ་ལོག་གི་བྱ་སྤྱོད་བརྩམ་མི་ཆོག་པའི་དོན་ཡིན་པ་སྟེ། སྔར་བཙན་པོ་སྲོང་བཙན་སྐམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་སྐབས། ཞང་ཞུང་དང༌། སུམ་པ། དྭགས་པོ། གཉལ། མོན་པ་བཅས་ཀྱིས་ངོ་ལོག་བྱུང་བ་དང༌། ཡབ་གནམ་རི་སྲོང་བཙན་མོན་པས་དུག་བཏང་སྟེ་བཀྲོངས་པ་སོགས་ཀྱི་གནས་ཚུལ《ཏུན་ཧོང་ལོ་རྒྱུས་ཕྱོགས་བསྒྲིགས》ནང་གསལ་པོར་འཁོད་པ་ལྟ་བུ་ཡིན་པས་གནས་ཚུལ་དེ་ལ་བརྟེན་ནས་བཙན་པོ་སྲོང་བཙན་སྒམ་པོས་གཏན་ལ་ཕབས་པའི་ཁྲིམས་ཡིག་ནང་ཁེང་ལོག་བྱེད་མི་ཆོག་པའི་དོན་ཚན་དེ་ནན་ཏན་གྱིས་བཀོད་པ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།