Jump to content

ཁེང་དང་ཡང་ཁེང་ཉིང་ཁེང་

ཡོང་ཁུངས་Wikipedia

འདིའི་ཐད་ཉེ་རབས་སུ་བྲིས་པའི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ནང༌། བྲན་གཡོག་དང༌། དེའི་བྲན་གཡོག དེའི་ཡང་བྲན་གཡོག་ཅེས་འགྲེལ་བཤད་བྲིས་པ་ནི་ནོར་བ་སྟེ། ཁེང་ཞེས་པའི་གོ་དོན་ནི་བཙན་པོའི་མངའ་འོག་ཏུ་ཡོད་པའི་རྒྱལ་ཕྲན་གྱི་རྒྱལ་པོ་དང༌། བློན་པོ། རྗེ་དགུ རྫི་བདུན། ཚོང་པ་ལྔ། འཇིན་གསུམ། མཁན་དྲུག་ལ་སོགས་པ་སྤྱིའི་མིང་ལ་ཐོགས་པ། དེའི་ནང་གསེས་དཔོན་སོ་སོའི་བྲན་དང་བྲན་གྱི་ཐ་མ་རྫི་བོ་ལ་སོགས་པ་ཡང་བྲན་དང་ཉིང་བྲན་དུ་འབོད་པ་ཡིན། བྲན་གཡོག་རྣམས་ལ་སྡེ་འབངས་མི་སེར་སྤྱིའི་ཐོབ་ཐང་སྟེ། སྒེར་གྱི་སྡོད་ཁང་དང༌། རྒྱུ་དངོས། ནོར་ཕྱུགས་ལ་སོགས་ཡོད་པ་ལྟ་ཞོག རང་གི་ལུས་སྲོག་ཀྱང་བྲན་གཡོག་བདག་པོར་དབང་བས་མིའི་ཐོབ་ཐང་རྩ་བ་ནས་བྲལ་བ་ཞིག་ཡིན། བཙན་པོ་གླང་དར་མའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་སྲིད་དབང་བཟུང་རྒྱུའི་དོན་དུ་མ་འཆམས་པར་ནང་འཁྲུག་ལོ་མང་བྱུང་རྗེས་ཁེང་ལོག་བྱུང་ཞེས་པ་ཡང་བྲན་གཡོག་གཅིག་པུའི་གྱེན་ལངས་ཙམ་མ་ཡིན་པར། བཙན་པོའི་མངའ་འོག་ཏུ་ཡོད་པའི་རྒྱལ་ཕྲན་དང་བློན་པོ་སོགས་སྤྱི་འབངས་ཡོད་ཚད་ཀྱིས་གྱེན་ལོག་བྱས་ཏེ་བཙན་པོའི་སྲིད་དབང་རྩ་སློག་བཏང་བའི་གཞི་རྒྱ་ཆེན་པོའི་གྱེན་ལོག་ཅིག་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།